བློ་ཕམ་པའི་གནས་ཚུལ་

 

སློབ་ཕྲུག་བཞི་བརྒྱ་ལྔ་བརྒྱའི་དེབ་སྐྱེལ་ཡག་པོ་བྱེད་བཅུག་མི་འདུག།  སོང་ཙང་དེའི་ནག་ཉེས་ཆ་ཚང་རྒན་རྒན་ཚོའི་ངེས་པར་དུ་ཁུར་དགོས་པ་མ་ཚད་དགོངས་སེལ་ཡང་ཞུ་དགོས།    དེ་ཡང་མ་ཚད་རྡ་སའི་གཡས་གཡོས་དུ་ཡོད་པའི་གྷོ་པལ་པུར་བཅས་སློབ་གྲྭ་ཁ་ཤས་ནང་དེབ་སྐྱེལ་ཡག་པོ་བྱས་མེད་པའི་རྙོག་གླེང་མང་དག་གོ་རྒྱུ་འདུག་པས།  ཧ་ཅང་བློ་ཕམ་བྱེད་དགོས་པ་ཞིག་ཏུ་གྱུར། འོས་བསྡུ་ལས་ཁང་གི་ལས་བྱེད་མི་སྣ་ཚོས་ད་དུང་ཡང་གཉིད་ལས་སད་མེད་པ་མ་ཚད་གཉིད་སྨན་ཡང་ཟོས་ནས་སྡོད་འདུག།  ཨ་ཁ་ཁ། ད་གང་དྲག ཡིན་ན་བྱེད་ཐབ་བྲལ། གུས་པས་རེ་གུས་ནི་སེར་སྐྱ་རྒན་གཞོན་ཚང་མས་དགྲ་དགའ་གཉེན་སྡུག་དང་ཕྱོགས་རིས་འཐེན་ཁྱེར་གྱི་ཕྱོགས་སུ་མ་ལྷུང་བ། དྲང་བདེན་གྱི་ཕྱོགས་སུ་ཕེབས་རོགས་ཞེས་རེ་སྐུལ་འབུམ་ཕྲག་བཅས་སོ།།   བསྟན་འཛིན་འཕགས་པ་ནས་ཟླ་ཚེས་བཟང་པོ་ལ་ཕུལ།