དགུ་བཅུ་གསུམ་གྱི་རྒྱུན་ལས་གསར་པའི་གསལ་བསྒྲགས།

དེ་ཡང་ཟླ་འདིའི་ཚེས་༥ ཉིན་དགུ་བཅུ་གསུམ་གྱི་ཐེངས་ལྔ་པའི་རྒྱུན་ལས་གསར་པ་རྣམས་ཀྱིས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་ནས། སྐབས་དེར་ཚོགས་གཙོ་འོད་ཟེར་རིན་པོ་ཆེས་ལྗགས་ཀློག་གནང་བའི་གསལ་བསྒྲགས་ཡིག་ཆའི་ནང་འཁོད་དོན། དགུ་བཅུ་གསུམ་གྱི་ཚོགས་ཆེན་ཐེངས་ལྔ་པའི་སྟེང་། མང་གཙོའི་འགྲོ་ལུགས་ལྟར་རྒྱུན་ལས་འཕོ་འགྱུར་གྱི་སྒྲིག་གཞི་བསྐྱར་བཅོས་དེ་ནི། ཚོགས་པ་འདི་བཙུགས་ནས་ད་ལྟའི་བར་ལོ་༡༩ ལྷག་ཙམ་རིང་ཐེངས་དང་པོར་ཐོབ་པའི་མང་གཙོའི་གྲུབ་འབྲས་ཆེ་ཤོས་ཤིག་ཡིན་པ་དང། འདིས་བཙན་བྱོལ་སྤྱི་ཚོགས་ནང་མང་གཙོ་ཡང་དག་པ་དང་། རང་དབང་ཚད་མཐོ་བ་སོགས་ཀྱི་གསལ་བཤད་བྱས་ཡོད་ཅེས་དང།

913gyunley_1ཡང་དེའི་ནང། ང་ཚོ་རྒྱུན་ལས་གསར་པ་ཚོའི་ངོས་ནས་ཀྱང་། བོད་ལ་རང་དབང་རང་བཙན་གྱི་བདེན་མཐའ་མྱུར་དུ་བསལ་ནས། ༧གོང་ས་མཆོག་རང་ཡུལ་གངས་ཅན་ལྗོངས་སུ་ཆིབས་སྒྱུར་གནང་ཐུབ་པ་དང་། གཞིས་བྱེས་ལྷན་འཛོམས་མྱུར་དུ་ཡོང་བའི་དོན་དུ་གང་ཐུབ་ཅི་ནུས་ཀྱིས་ལས་དོན་བསྒྲུབ་རྒྱུ་ཡིན་ཞེས་སོགས་འཁོད་ཡོད་པ་དང། དེ་དང་འབྲེལ་ནས་དེང་སྐབས་འཛམ་གླིང་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཀྱི་འོས་ཁོངས་སུ་སླེབས་ཡོད་པའི་རྒྱ་ནག་གི་ཆབ་སྲིད་བཙོན་པ་ལིའུ་ཞའོ་པོ་ལ། དགུ་བཅུ་གསུམ་གྱི་ཚོགས་པའི་ངོས་ནས་ཚོགས་པ་ཁག་དང་འབྲེལ་བ་བྱས་ཏེ་རྒྱབ་སྐྱོར་བྱེད་རྒྱུ་ཡིན་པ་དང། རྒྱ་ནག་གཞུང་གིས་ངོ་རྒོལ་བྱས་མིན་ལ་མ་ལྟོས་པར་གཟེངས་རྟགས་ཚོགས་པའི་ངོས་ནས། ལིའུ་ཞའོ་པོ་ལ་ཞི་བདེའི་གཟེངས་རྟགས་ཕུལ་ན་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་དང།  རྒྱ་ནག་མི་མང་གི་རང་དབང་ལ་བརྩི་བཀུར་བྱེད་ཀྱི་ཡོད་པ་མཚོན་གྱི་ཡོད་རེད་ཅེས་སོགས་གསུངས་སོང།

རྒྱུན་ལས་གསར་པ་༡༥ འདེམས་ཐོན་བྱུང་ཡོད་པ་དང་། ད་ལྟའི་སྐབས་དྷ་སར་གཏན་འཇགས་ལས་བྱེད་མི་དྲུག་ཡོད་པའི་ནང་ནས། འོད་ཟེར་རིན་པོ་ཆེ་ཚོགས་གཙོ་དང་། ཀླུ་མཁར་བྱམས་ཚོགས་གཞོན། གངས་ལྷ་མོ་དྲུང་ཆེ། དེ་མིན་གཞན་རྣམས་སློབ་སྤྱི་དང་དངུལ་གཉེར། བཟོ་ལས་འགན་འཛིན་བཅས་ཀྱི་ལས་གནས་སུ་བསྐོ་གཞག་བྱས་ཡོད་པ་རེད།།

{jcomments on}