བུད་མེད་ལྷན་ཚོགས་ཀྱི་ལྕགས་རྟའི་ལས་འགུལ།
ལས་འགུལ་དེའི་སྐུ་མགྲོན་གྱི་གཙོ་བོ་ཧིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཙོ་ཕེབས་ཡོད་པ་དང། ཁོང་གིས། འགྲོ་བ་མི་རྣམས་ཀྱིས་ས་ཡི་གོ་ལའི་ཁོར་ཡུག་ལ་གནོད་སྐྱོན་ཆེན་པོ་གཏོང་བཞིན་ཡོད་ཅིང། གོ་ལའི་ཚ་དྲོད་ཆ་སྙོམས་ངང་གནས་མ་ཐུབ་ན་འགྲོ་བ་མི་གཙོས་པའི་སྲོག་ཆགས་ཡོངས་རྫོགས་ཀྱི་གནས་གཞི་མེད་པ་ཆགས་ངེས་ཡིན་པ་དང། མི་རྣམས་ཀྱིས་ཁོར་ཡུག་སྲུང་སྐྱོབ་ལག་བསྟར་བྱེད་པའི་སྐབས། རང་ཉིད་སྡོད་གནས་ནས་འགོ་འཛུགས་བྱེད་དགོས། དཔེར་ན། མཛེས་སྡུག་ཡིད་དུ་འོང་བའི་དྷ་སའི་རི་གྲོང་གི་ཁུལ་འདིར་གད་སྙིགས་ཤིན་ཏུ་མང་བས། མི་རྣམས་ཀྱིས་གད་སྙིགས་གང་བྱུང་དུ་མི་གཡུགས་པ་དང། གད་སྙིགས་གཙང་མ་བཟོ་དགོས་རྒྱུ་སོགས་ནི་ཧ་ཅང་གལ་ཆེན་ཡིན་ཞེས་གསུངས་སོང།
ལས་འགུལ་ནང་ལྕགས་རྟ་ཞོན་ནས་འཛུལ་ཞུགས་བྱེད་མཁན་བོད་པ་དང་ཕྱི་རྒྱལ་བ་བཅས་ཁྱོན་མི་གྲངས་༣༥ ཙམ་གྱིས། ཆུ་ཚོད་༡ ལྷག་ཙམ་གྱི་རིང་ལ་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དང་། རླངས་འཁོར་འབབ་ཚུགས་སོགས་སུ་བསྐོར་བསྐྱོད་བྱས་སོང་ལ། དེ་བཞིན་བུད་མེད་ལྷན་ཚོགས་ཀྱི་ངོས་ནས། ལས་འགུལ་བ་ཚོར་དཔུང་རྟགས་དང། སྦག་སྦག་དང་རླངས་འཁོར་སྟེང་སྦྱར་ཡིག ལས་འགུལ་ངོ་སྤྲོད་ཀྱི་དྲིལ་བསྒྲགས་ཡིག་ཆ་སོགས་མི་མང་ལ་འགྲེམས་སྤེལ་བྱས་ཡོད་པ་རེད།
{jcomments on}