ཇོ་མོ་གླང་མའི་སྒལ་ཚིགས།
ཐོ་རེངས་སྐར་ཆེན་སྣང་བ་མཐོ་དུས་ཤིག།
སྐུ་དྲག་མག་པར་འཚང་ཀ་རྒྱག་དུས་ཤིག།
ཆག་སྒོའི་ཕ་བོང་ཐོད་ལ་འགྱིང་བ་ན།།
བློ་ཁོག་མེད་མཁན་དགེ་འདུན་ཆོས་འཕེལ་ཙམ།།
བྱེའུ་ཆུང་འཇོལ་མོ་ལོ་ན་རྒས་དུས་ཤིག།
ཁུ་བྱུག་སྔོན་མོ་རྒྱང་ནས་གྲགས་དུས་ཤིག།
ན་ཆུང་བུ་མོ་གོ་ཁར་ལུས་པ་ན།།
ཕྱི་ལ་བསྐྲད་མཁན་དོན་གྲུབ་རྒྱལ་ཙམ་རེད།།
མེ་ཕུང་དཀྱིལ་དུ་རྡོ་ལུ་ཟག་དུས་ཤིག།
དུག་སྦྲུལ་ནག་པོས་བོད་ཁམས་འཇིབ་དུས་ཤིག།
ཁ་བའི་ཟུངས་ཁྲག་མཐའ་ལ་ཐུག་པ་ན།།
དགྲ་བོའི་དགྲ་ཡ་ཨ་འབྲུག་མགོན་པོ་ཙམ།།
ཀ་ཁ་ག་ངའི་བླ་སྲོག་ཆད་དུས་ཤིག།
བསྟན་པའི་མར་མེ་མེ་མདས་བསད་དུས་ཤིག།
ས་ཡ་དྲུག་གི་སེམས་བ་འཚིག་པ་ན།།
ངུ་འབོད་བྱེད་མཁན་པཎ་ཆེན་བླ་མ་ཙམ།།
སྤྲིན་ནག་གསེབ་ནས་ཉི་མ་འཛུམ་དུས་ཤིག།
ལྡུམ་རའི་ནང་ནས་ངང་པ་རྒྱུ་དུས་ཤིག།
མེ་རི་དམར་པོ་ཟུར་ལ་འཁྱིལ་བ་ན།།
ཞེད་སྣང་ཤོར་མཁན་འཇུ་ཆེན་ཐུབ་བསྟན་ཙམ།།
༢༠༡༠།༨།༡༧ ཉིན་བཙན་བྱོལ་བོད་ཀྱི་རྒྱལ་ས་ནས།།