༧གོང་ས་མཆོག་ཨ་རི་དང་ཁེ་ན་ཌར་ཆིབས་སྒྱུར་བསྐྱངས་པ།

དེ་རྗེས་ཨེ་ཊི་ལན་ཊ་རུ་ཆིབས་བསྒྱུར་གྱིས་ཨེ་མོ་རིའི་གཙུག་ལག་སློབ་གཉེར་ཁང་དུ་ཉིན་གསུམ་རིང་འཚོག་རྒྱུའི་ཕྱི་ལོ་༢༠༡༠ རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་ལྷན་ཚོགས་དབུ་འབྱེད་དང་བགྲོ་གླེང་ཞིག་ཐོག་ཞུགས་རྒྱུ་ཡིན་པ་དང་། ཨོ་ཧ་ཡོ་མངའ་སྡེའི་གྲོང་ཁྱེར་སིན་སི་ན་ཊི་ཁུལ་དུ་རང་དབང་གི་ཆེ་བསྟོད་གཟེངས་རྟགས་འབུལ་བཞེས་དང་། གཞན་ཡང་ཨོ་སི་ཧྥོར་ཌི་དང་མི་ཡ་མི་གཙུག་ལག་སློབ་གཉེར་ཁང་གཉིས་ཀྱི་གོ་སྒྲིག་འོག་མང་ཚོགས་ལ་དེང་གི་དུས་སྐབས་ལ་འཁྲི་བའི་ཀུན་སྤྱོད་ཀྱི་སྐོར་ལ་བཀའ་སློབ་གནང་རྒྱུ་ཡིན་འདུག

ཕྱི་ཟླ་༡༠ ཚེས་༢༢ ཉིན་ནས་༧གོང་ས་མཆོག་ཁེ་ན་ཌར་ཆིབས་བསྒྱུར་གྱིས་ཕྱི་ཚེས་༢༥ བར་ཊོ་རན་ཊོར་གཙུག་ལག་སློབ་གཉེར་ཁང་དུ་ནང་ཆོས་དང་ཚན་རིག་སྐོར་གྱི་ལྷན་ཚོགས་སུ་ཞུགས་གནང་རྒྱུ་དང་། དེར་ཡོད་པའི་གངས་ལྗོངས་ཆོས་ལྡན་གླིང་ཞེས་པའི་རིག་གཞུང་བསྟི་གནས་ཁང་དབུ་འབྱེད་མཛད་རྒྱུ་མ་ཟད། བསྟི་གནས་ཁང་དེའི་གོ་སྒྲིག་འོག་མང་ཚོགས་ལ་འཛམ་གླིང་ཞི་བདེའི་སྐོར་ལ་བཀའ་སློབ་གནང་རྒྱུ་དང་། བློ་སྦྱོང་ཚིགས་བརྒྱད་མའི་གསུང་ཆོས་གནང་རྒྱུ་ཡིན་པ་རེད།།

{jcomments on}