༧གོང་ས་མཆོག་གིས་ལིའུ་ཞའོ་པོ་ལ་གནང་བའི་གསུང་འཕྲིན།

ཕྱི་ལོ་༢༠༠༨ ལོའི་རྩ་འཛིན་ཡིག་ཆ་འགྲེམས་སྤེལ་བྱས་ནས་ཉིན་གཉིས་ཀྱི་རྗེས་སུ། ཕྱི་ལོ་༢༠༠༨ ཟླ་༡༢ ཚེས་༡༢ ཉིན་ང་པོ་ལན་ཌིར་འཚམས་འདྲིར་སླེབས་པའི་སྐབས། ངས་ལས་དོན་དེར་ཡིད་སྨོན་གྱིས་གསར་འགོད་གསལ་བསྒྲགས་ཤིག་ཀྱང་སྤེལ་རྒྱུ་བྱུང༌། རྒྱ་ནག་གི་ད་ལྟའི་མི་རབས་ཚོས་འགན་འཁུར་ལྡན་པའི་སྲིད་གཞུང་ཞིག་བསྐྲུན་ཐབས་སུ་དཀའ་ལས་བརྒྱབ་པའི་འབྲས་བུ།  མ་འོངས་རྒྱ་ནག་གི་མི་རབས་གསར་པ་ཚོས་ལོངས་སུ་སྤྱོད་ཐུབ་ངེས་ཡིན་པ་ཞིག་ངོས་ནས་ཡིད་ཆེས་བྱེད་ཀྱི་ཡོད།

ཉེ་སྔོན་རྒྱ་ནག་གི་སྲིད་བློན་ཝུན་ཅ་པའོ་ནས་སྨྲ་བརྗོད་རང་དབང་ནི་རྒྱལ་ཁབ་ཚང་མར་མེད་དུ་མི་རུང་བའི་ཆ་རྐྱེན་ཞིག་ཡིན་པ་དང་། མི་མང་གི་རང་དབང་དང་མང་གཙོའི་མངོན་འདོད་ཡོད་པ་དེ་འགོག་ཐབས་མེད་པ་ཞིག་ཡིན་པའི་གཏམ་བཤད་སྤེལ་ཡོད་པ་དེས་ཀྱང་། རྒྱ་ནག་ནང་རང་དབང་གི་འདོད་འདུན་ཇེ་ཆེར་འགྲོ་བཞིན་ཡོད་པ་མཚོན་གྱི་ཡོད། འདི་འདྲའི་ལེགས་བཅོས་བརྒྱུད་རྒྱ་ནག་རྒྱལ་ཁབ་དེ་ཞི་མཐུན་དང་། བརྟན་ལྷིང་། དཔལ་ཡོན་ལྡན་པའི་རྒྱལ་ཁབ་ཅིག་ལ་འགྱུར་ཐུབ་པ་མ་ཟད། རྒྱ་ནག་གི་བསྒྱུར་བཅོས་ལ་བརྟེན་ནས་འཛམ་གླིང་སྤྱིའི་བདེ་འཇགས་ལ་དགེ་མཚན་ཆེན་པོ་བཟོ་ཐུབ། མཐའ་དོན་ངོས་ནས་གོ་སྐབས་འདི་བཟུང་སྟེ། རྒྱ་ནག་གཞུང་ལ་ལིའུ་ཞའོ་པོ་གློད་གྲོལ་ཡོང་བའི་འབོད་སྐུལ་ཞུས་པ་དང་སྦྲགས།  སྨྲ་བརྗོད་རང་དབང་གི་གནད་དོན་ཐོག་བཙོན་འཇུག་བྱས་པའི་ཆབ་སྲིད་བཙོན་པ་གཞན་རྣམས་ཀྱང་གློད་གྲོལ་ཡོང་བའི་འབོད་སྐུལ་ཞུས་ཀྱི་ཡོད། ཕྱི་ལོ་༢༠༡༠ ཟླ་༡༠ ཚེས་༨ ཉིན།

 

{jcomments on}