༼རང་དབང་གིས་འོས་ཤོག་བཀག་འགོགས་དེ་ནི་ཆེས་ཐ་ཤལ་ཞིག་རེད།༽

དེ་ནི་སྦེལ་ཀོབ་ཀྱི་སློབ་མ་ཚོ་དང།  དེ་ལས་གཞན་པའི་སློབ་མ་སྐོར་ཞིག་གིས་བཀའ་ཁྲིའི་འོས་ཤོག་གི་ཐོབ་ཐང་དེ་བེད་སྤྱོད་མི་ཐུབ་བྱུང་བ་དེ་རེད། འདིའི་སྐོར་ལ་ཉེར་དུས་སྦེལ་ཀོབ་སློབ་སྤྱི་ལ་བཅའ་འདྲི་བྱས་པའི་ལན་དུ། འོས་བསྡུའི་སྐོར་གྱི་གསལ་བརྡ་དགེ་རྒན་ཚོ་ལ་སྤྲད་ཡོད་ཅེས་དགེ་རྒན་ཚོའི་མགོ་ལ་གཡུགས་ཡོད།  ཡང་ཁོང་གིས་དེབ་སྐྱེལ་སོགས་འོས་སྡུའི་སྐོར་དེ་སློབ་མ་ཚོ་རང་རང་གིས་བསམ་བློ་བཏང་དགོས་ལས་གཞན་གྱིས་བཀོད་དངགས་སོགས་བྱེད་དགོས་ཀྱི་མ་རེད་ཟེར་འདུག།      

དེ་ལྟར་ཡིན་ན་སྔོན་ཚོད་ནས་དགེ་སློབ་དབར་དུ་བཀའ་ཁྲིའི་སྐོར་དེ་ཆེ་ཚུལ་གྱི༨ ས་ཚོད་ལྟའི་འོས་བསྡུ་དེ། ཅིའི་ཕྱིར་བྱས་པ་རེད་དམ།  ཚོད་ལྟའི་འོས་བསྡུའི་གྲུབ་འབྲས་ཐོན་པའི་རྗེས་སུ་སློབ་མ་ཚོར་དེབ་སྐྱེལ་སོགས་ལ་བསྐུལ་མ་བྱེད་པ་དེ་ནི་ས་གནས་འོས་བསྡུའི་ཚོགས་མི་ཚོས་དོ་གལ་མ་བྱས་པ་དང། དེ་དག་ལས་ཚོས་ལྐོག་གཡོ་བྱས་ཡོད་མེད་དེ་དཔྱད་གཞི་ཞིག་མངོན་གྱི་ཡོད་རེད། གང་ཡིན་ཞེ་ན། སྔོན་ལ་ཚོད་ལྟའི་འོས་བསྡུ་དེ་དཔང་རྟགས་ཆེ་ཤོས་ཤིག་རེད། མ་ཟད་སློབ་གྲ་ཁག་གི་དགེ་ལས་ཚོའི་བཀའ་ཁྲིའི་སྐོར་གྱི་སློབ་བྱ་མཐའ་ན་དགོན་སྡེ་ཁག་གི་དགེ་རྒན་ཚོའི་བར་དུ་ཁྱབ་འདུག།

མདོར་ན་བལ་ཡུལ་གྱི་འོས་སྒམ་དེ་རྒྱ་གཞུང་གིས་ངན་བསྐུལ་ཡིན་ཡང་ང་ཚོས་རྒོལ་གཏམ་སྤེལ་བའི་འོས་བབ་མེད་པའི་གནས་སྟངས་དེ་སྦེལ་ཀོབ་གྱི་སློབ་མའི་གནས་ཚུལ་དང། དེ་ལས་གཞན་པའི་སློབ་མ་ཚོའི་གནས་སྟངས་ལ་གཞིག་ན་གསལ་པོ་ཤེས་ཐུབ་ངེས་རེད།   གནས་ཚུལ་འདི་དག་ནི་ཆེས་ཐ་ཤལ་གྱི་སྤྱོད་ཚུལ་ཞིག་ལསམ་་འདས་པས་དངོས་གཞིའི་སྐབས་སུ་འདི་འདྲའི་གནས་ཚུལ་མི་འབྱུང་ཐབས་ལ་དབུས་དང། ས་གནས་གཉིས་ཀ་ནས་ཡིད་གཟབ་མ་བྱས་ན་མཇུག་འབྲས་ངན་པ་མི་ཡོང་བར་སུས་ཁག་ཐེག་བྱེད་ཐུབ་བམ།