ང་ཚོར་བོད་རྒྱའི་གྲོས་མོལ་གྲ་སྒྲིག་ཆ་ཚང་ཡོད།
ཚགས་པར་དེའི་གསར་འགོད་པས། ཟམ་གདོང་རིན་པོ་ཆེ་མཆོག་གིས་བོད་རྒྱའི་གྲོས་མོལ་གྱི་དུས་ཚོད་གཏན་འཁེལ་གསུངས་མེད་ཀྱང། ལོ་འདིའི་ཟླ་བ་༡༢ ནང་བོད་རྒྱའི་གྲོས་མོལ་གནང་ཐུབ་རྒྱུའི་བརྡ་སྟོན་གནང་སོང་ཞེས་བཀོད་འདུག
༢༠༠༢ ལོར་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་བཀའ་ཁྲི་ཆགས་ནས་བཟུང། ད་ལྟའི་བར་རྒྱ་བོད་གཉིས་དབར་གྲོས་མོལ་ཐེངས་༩ གནང་ཟིན་པ་དང། གྲོས་མོལ་དེ་དག་གི་རིང་ལ་བོད་ཕྱོགས་ནས་ས་གནས་མི་རིགས་རང་སྐྱོང་གི་དགོས་འདུན་གྱིས་མཚོན་པའི་བསམ་འཆར་གྱི་ཡིག་ཆ་ཞིག་རྒྱ་གཞུང་ལ་སྤྲད་ཡོད་པ་དང། དེ་ལའང་རྒྱ་ནག་ཕྱོགས་ནས་རང་བཙན་དང་ཕྱེད་རང་བཙན་སོགས་ཀྱིས་སྐྱོན་འཛུགས་བྱས་ཏེ། བོད་གཞུང་གི་རེ་འདུན་བཞིན་ད་ལྟའི་བར་ལམ་ལྷོང་བྱུང་མེད་པ་རེད།།
{jcomments on}