༼ ལུའུ་ཞའོ་པོ་་ལ་ཐོབ་པའི་གཟིངས་རྟགས་དང། བོད་མའི་གོ་སྐབས། ༽
ད་རེས་ལུའུ་ཞོའོ་ཕུང་ལ་ཞི་བདེའི་གཟིངས་རྟགས་དེ་ཐོབ་ཡོད་ཀྱང། ཁོང་ནི་ད་ལྟ་བཙོན་ཁང་དུ་ཁྲིམས་འགལ་མི་སྣའི་ཉེས་མིང་གི་འོག་ཏུ་གནས་ཡོད་པས་ཁོང་དངོས་སུ་གཟིངས་རྟགས་དེ་བཞེས་སར་ཇི་ལྟར་ཕེབས་ཐུབ་བམ། མ་ཟད་ཁོང་གི་བཟའ་ཟླ་ཡང་ཁོང་གི་ཚབ་བྱེད་ནས་ཞི་བདེའི་གཟིངས་རྟགས་བཞེས་སར་ཕེབས་མི་ཐུབ་པའི་སྔོན་བརྡ་མང་པོ་ཞིག་བྱུང་དང་འབྱུང་བཞིན་པ་ཡིན་ཞིང། ལུའུ་ཞོའོ་ཕུང་་་ཡིས་བརྗོད་དོན་དུ་ད་རེས་གཟིངས་རྟགས་དེ་ཁོང་ལ་ཐོབ་པ་ཞིག་མིན་པར་དེ་ནི་་་ཕྱི་ལོ་ ༡༩༨༩ ལོའི་ནང་དུ་གནམ་བདེ་སྒོ་མོ་ཆེ་ཡི་ཐང་ཆེན་དུ་སློབ་མའི་མང་གཙོའི་ལས་འགུལ་གྱི་ཁྲོད་དུ་འདས་ཟིན་པའི་སློབ་མ་དང། དགེ་ལས། ཡང་ད་ལྟའང་དཀའ་སྡུག་མྱོང་བཞིན་པའི་སློབ་མ་དགེ་ལས་ཚོ་དང། ནང་མི་སྤུན་མཆེད་བཅས་ལ་ཐོབ་པ་ཞིག་རེད་ཅེས་ཁོང་གིས་འགྲེལ་བརྗོད་བྱས་ཡོད། དེར་བརྟེན་ཁོང་ད་རེས་ཞི་བདེའི་གཟིངས་རྟགས་བཞེས་སར་དངོས་སུ་ཕེབས་མི་ཐུབ་པ་དང། ཁོང་གི་བརྗོད་བཅས་ཀྱིས་རྒྱ་ནག་ཏུ་ཡོ་ལངས་ཆེན་པོ་ཞིག་འབྱུང་སྲིད་ཅིང། ང་ཚོ་བོད་ལ་རང་དབང་བདེ་སྐྱིད་ཅིག་འབྱུང་མིན་དེ་ནི་རྒྱ་ནག་དེ་བཞིན་རང་དབང་མང་གཙོ་ཅན་དུ་འགྱུར་མིན་ཉིད་ལ་རགས་ལས་པ་དེ་ནི་སུ་བལྟས་ཀྱང་ཧོ་གོ་དོན་གསལ་གྱི་གནས་སྟངས་ཤིག་རེད། དེས་ན་ད་རེས་བཙན་བྱོལ་དུ་ཡོད་པའི་བོད་གཞུང་མང་གཉིས་ཀྱི་ངོས་ནས་་་་ ་་་་ལུའུ་ཞོའོ་ཕུང་་་་་བཙོན་གྲོལ་གྱི་ཆེད་དུ་ལས་འགུལ་སྔ་མ་བྱུང་བ་ཞིག་སྤེལ་དགོས་ཤིང། གང་ཡིན་ཞེ་ན། ཕྱོགས་གཅིག་ནས་གོང་དུ་འགྲེལ་བརྗོད་བྱས་ཟིན་བཞིན་བོད་ལ་བདེ་སྐྱིད་ཅིག་འབྱུང་མིན་ནི་རྒྱ་ནག་མང་གཙོ་ཅན་དུ་འགྱུར་མིན་ལ་ཐུབ་ཡོད། ཕྱོགས་གཞན་ཞིག་ནི་ང་ཚོ་བོད་རིགས་ཚོས་རྟག་ཏུ་འཚེ་མེད་ཞི་བ་ཞེས་ཁ་ནས་་་མ་ནི་་་སྐྱོར་སྐྱོར་བྱེད་བཞིན་པ་དེ་དངོས་བདེན་ཞིག་ཡིན་ན་ཁོང་ལ་རྒྱབ་བསྐྱོར་ཚད་ལྡན་ཞིག་བྱེད་དགོས། དེ་འདྲ་ཡིན་དུས་ད་རེས་དངོས་སུ་འཚེ་མེད་ཞི་་བའི་གཟིངས་རྟགས་ཐོབ་མཁན་ཞིག་བཙོན་འོག་ཏུ་དཀའ་སྡུག་ལས་བསྐྱབ་མ་ཐུབ་ན་ང་ཚོས་བརྗོད་བཞིན་པའི་འཚེ་མེད་ཞི་བ་དེ་རྫུན་མ་དང། འཚེ་མེད་ཞི་བ་ལ་ཕམ་ཉེས། ང་ཚོ་བོད་ཀྱི་རྩ་དོན་ལ་ཡང་ཕམ་ཁ་ཆེན་པོ་ཞིག་འགྲོ་ཉེན་ཆེ་བས་་་་་རྡ་རམ་ས་ལ་ཡོད་པའི་སྐད་གྲགས་ཅན་གྱི་ཚོགས་པ་་་་་་་་གཞོན་ནུ་ལྷན་ཚོགས་དང། བུད་མེད་ལྷན་ཚོགས། དགུ་བཅུ་གསུམ། ཆོལ་གསུམ་སྐྱིད་སྡུག་བཅས་ནས་སྐད་ཤུགས་ཆེར་ཙམ་བརྒྱག་དགོས། ད་རེས་ལམ་འགྲོ་མ་བྱུང་ན་ང་ཚོས་གོ་སྐབས་ཆེན་པོ་ཞིག་ཤོར་སྲིད་པ་རེད།