ཟིན་བྲིས་ཀྱི་གནས་ཚུལ་ལ་ཆེ་མཐོང་མེད་པའི་རྒྱུ་མཚན་ཅི།
རྒྱུ་མཚན་མེད་པའི་སྐྱོན་བརྗོད་སྤེལ་མཁན་ཆེས་མང་བ། འགན་ཁུར་མེད་པར་གང་བྱུང་གླེང་གཞི་བཟོས་པ་བཅས་ཡིན་པར་སྙམ། དངོས་ཡོད་གནས་ཚུལ་བཤད་ན། སོ་སོའི་གནད་དོན་གླེང་བ་དེར་ཆེ་མཐོང་ཞིག་དང་། ཡང་ན་དེ་ལ་དགག་པ་རྒྱག་པ་སོགས་གནས་ཚུལ་དེར་དབྱེ་ཞིབ་བྱེད་མཁན་ཞིག་ཡོང་གི་རེད། ཡིན་ནའང་བོད་ཡིག་ཟིན་བྲིས་མང་ཆེ་བ་ཞིག་ལ་ཆེ་མཐོང་མི་འདུག འདི་ལ་བསྒྱུར་བཅོས་ཤིག་དགོས་ཀྱི་འདུག
༡ གནས་ཚུལ་ཁུངས་ལྡན་སྤེལ་ཐུབ་དགོས།
༢ མི་གཅིག་གིས་གནས་ཚུལ་སྤེལ་བ་དེར་དྲ་གྲོགས་གཞན་ཚོས་སྣང་མེད་དུ་མ་བཏང་བར་དབྱེ་ཞིབ་བྱས་ཏེ། མཇུག་ཏུ་བསམ་ཚུལ་གང་མང་འགོད་ཐུབ་དགོས།
༣ གནས་ཚུལ་དང་བསམ་ཚུལ་མ་འདྲེས་བ་བྱེད་དགོས།
༤ མི་མང་གི་བསམ་ཚུལ་དང་སྒེར་གྱི་བསམ་ཚུལ་ཡིན། ཡང་ན་བསམ་ཚུལ་དེ་དང་གཅིག་མཐུན་ཡིན་པ་མི་མང་ཁྲོད་རོབ་རྩིས་ཙམ་དགོས།
༥ སོ་སོའི་འདོད་ཕྱོགས་དང་ལངས་ཕྱོགས་གཅིག་པུ་ཁྱབ་བསྒྲགས་ཙམ་མ་ཡིན་པར། གཞན་གྱི་ལྟ་བ་ལངས་ཕྱོགས་སྒྲོ་བཏག་མ་ཡིན་པར་གསལ་པོ་བཀོད་ནས་དགག་བཞག་བྱེད་ཐུབ་དགོས།