ཆབ་མདོ་ཁུལ་དུ་རུས་པའི་ནད་ཡམས་ཁྱབ་པ།
ཟླ་འདིའི་ཚེས་༡༧ ཉིན་གསར་ལམ་ཁག་ནས་གནས་ཚུལ་སྤེལ་བ་ལྟར་ན། བོད་ཀྱི་ཤར་པྱོགས་ཆབ་མདོ་ས་གནས་སུ་རུས་པའི་ནད་ཡམས་ཤིག་ཁྱབ་བརྡལ་བྱུང་ནས། ཆབ་མདོ་ཁུལ་གྱི་ས་གནས་ཁག་བཅུ་གཅིག་ནང་དུ་ཉུང་མཐར་ཡང་མི་གྲངས་༡༤༦༦༢ ཙམ་ལ་ནད་གཞི་དེ་བྱུང་བ་ཤེས་རྟོགས་བྱུང་བྱུང་ཡོད་འདུག ན་ཚ་དེའི་ངོ་བོ་ནི། ནད་པའི་ལུས་ཀྱི་རུས་པ་རྣམས་ཆེན་པོ་ཆགས་འགྲོ་བ་དང༌། རུས་ཟུག་ཉམས་རྗེས་རིམ་བཞིན་ཇེ་སྡུག་ཏུ་ཕྱིན་ཏེ་མཐར་ལས་ཀ་བྱེད་མི་ཐུབ་པའི་ན་ཚ་ཡ་མཚན་ཅན་ཞིག་ཡིན་འདུག
ཞིབ་འཇུག་པས་ད་ལྟའི་ཆར་ན་ཚ་དེའི་རྒྱུ་རྐྱེན་གང་ཡིན་ངོས་འཛིན་ཐུབ་མེད་པ་དང། ཁག་ཅིག་གིས་ན་ཚ་དེ་འབྱུང་རྐྱེན་ནི། བྲོ་དང་ནས་ཀྱི་འབྲུ་རིགས་རུལ་པ་ཟས་པའི་རྐྱེན་ནས་བྱུང་བ་ཡིན་སྲིད་པའི་ཚོད་དཔག་བྱེད་ཀྱི་ཡོད་པ་རེད། ཆབ་མདོ་ས་གནས་ཀྱི་དཔོན་རིགས་ནས། ས་གནས་དེའི་མི་རྣམས་ས་གནས་གཞན་དུ་གནས་སྤོ་རྒྱུ་ནི། ན་ཚ་ཁྱབ་གདལ་མི་འགྲོ་བའི་སྔོན་འགོག་གི་ཐབས་ལམ་ཁོ་ན་ཡིན་པ་ངོས་འཛིན་གྱིས་འདས་ཟིན་པའི་མི་ལོ་ལྔའི་ནང་ལ་ཡུལ་མི་གནས་སྤོའི་ལས་གཞིར་མི་དམངས་ཤོག་དངུལ་ས་ཡ་༩༠ ཙམ་འགྲོ་གྲོན་གཏོང་བཞིན་ཡོད་པ་དང༌། ད་བར་དུ་ཡུལ་མི་ཁྲི་གཉིས་ཙམ་གནས་སྤོ་བྱེད་ཐུབ་པ་བྱུང་ཡོད་པའི་གནས་ཚུལ་ཐོན་ཡོད་པ་རེད།།
{jcomments on}