ཨ་མདོ་རེབ་གོང་དུ་སློབ་མ་སྟོང་ཕྲག་མང་པོས་ཞི་རྒོལ་བྱས་པ།

rabkong students1ངོ་རྒོལ་བྱེད་དགོས་དོན་ནི་སློབ་གྲྭ་ཁག་ནང་རྒྱ་ཡིག་སློབ་ཁྲིད་དང་། བོད་ཡིག་གི་སློབ་དེབ་རྣམས་རྒྱ་ཡིག་ནང་བསྒྱུར་ནས་ལོ་ལྔའི་ནང་ཚུན་དུ་བོད་ཡིག་གི་སློབ་དེབ་ཚང་མ་རྒྱ་ཡིག་ཐོག་བསྒྱུར་ནས་བོད་ཡིག་སློབ་རྒྱུ་མིན་པའི་བསླབ་གཞི་བཅོས་བསྒྱུར་ཞེས་པའི་ཡིག་ཆ་གཏན་འབེབས་ལ་ངོ་རྒོལ་བྱས་པ་ཞིག་ཡིན་འདུག་པ་དང་། དེ་ལྟར་འགྱུར་བ་གཏོང་བར་ང་ཚོས་ངོས་ལེན་གཏན་ནས་མེད་ཅེས་སྐད་འབོད་ཤུགས་ཆེ་བྱས་ཡོད་འདུག། rabkong students2ད་ལྟའི་ཆར་སློབ་མ་ཚང་མ་བཙན་དབང་གིས་སློབ་གྲྭའི་ནང་བཀག་ཡོད་པ་དང་ཕྱི་ལོག་ལ་གཏོང་གི་མེད་པའི་གནས་ཚུལ་འདུག ད་དུང་འཕྲེད་དར་ཐོག་མི་རིགས་འདྲ་མཉམ།  སྐད་ཡིག་རང་དབང་། རྫོང་སྲིད་གཞུང་གི་སློབ་གསོ་ལ་ངོ་རྒོལ། ཞེས་རྒྱ་ཡིག་དང་བོད་ཡིག་གཉིས་ཀའི་ནང་བྲིས་ཡོད་འདུག། {jcomments on}