རྩོམ་པོ་པོ་གསུམ་ལ་ཁྲིམས་བཤེར།

ལྕགས་མོ་མཚོའི་ཟིན་བྲིས་ཐོག་གནས་ཚུལ་སྤེལ་བ་ལྟར་ན། ད་ལོའི་ཕྱི་ཟླ་དྲུག་པ་དང་བདུན་པ་སོ་སོའི་ནང་འཛིན་བཟུང་བྱས་པའི་མདོ་སྨད་རྔ་བ་ས་ཁུལ་གྱི་རྩོམ་པ་པོ་འཇང་རྩེ་དོན་ཁོ་(སྨྱུག་མིང་།གཉན།)དང་བྷུ་ངྷ་། སྐལ་བཟང་སྦྱིན་པ་(སྨྱུག་མིང༌། མགར་མི།)བཅས་ཀྱི་ནང་མིར་རྔ་བ་ཁུལ་སྤྱི་བདེ་ལས་ཁུངས་ཀྱིས་བརྡ་བརྒྱབ་ཏེ། ད་ལྟ་ཁོང་གསུམ་གྱི་གྱོད་དོན་དེ་རྔ་བ་ཁུལ་ཁྲིམས་ཞིབ་ཁང་གིས་ཁུལ་འབྲིང་རིམ་ཁྲིམས་ཁང་ལ་རྩིས་སྤྲད་ཟིན་པ་དང་། རྔ་བ་ཁུལ་འབྲིང་རིམ་ཁྲིམས་ཁང་གིས་ཕྱི་ཟླ་བཅུ་པའི་ཚེས་ཉི་ཤུ་རྩ་གྲངས་ནང་ཁྲིམས་ཞིབ་འདྲི་གཅོད་བྱེད་རྒྱུ་ཡིན་པས། སོ་སོའི་ནང་མིས་ཁོང་ཚོར་ཁྲིམས་རྩོད་པ་བཙལ་ན་ཆོག་ཚུལ་བརྗོད་ཡོད་ལ། དེང་ཐོག་ཁོང་ཚོའི་ནང་མིས་པེ་ཅིན་ནས་ཁྲིམས་རྩོད་པ་བཙལ་འཆར་བྱས་ཀྱང་། དེའི་ཐད་ཀྱི་འགྲོ་གྲོན་རྒྱ་སྒོར་ཁྲི་༢༥ཡས་མས་ཡིན་པས། ནང་མི་ཚོས་དཔལ་འབྱོར་གྱི་འགྲོ་གྲོན་འབོར་ཆེན་དེ་གཏོང་མ་ཐུབ་པར་། ད་ལྟ་དོན་ཁོ་དང་བྷུ་ངྷ་གཉིས་ཀྱི་ནང་མིས་རྔ་བ་ས་གནས་ཀྱི་ཁྲིམས་རྩོད་པར་མི་རེར་རྒྱ་སྒོར་ཁྲི་དྲུག་བདུན་གྱི་འགྲོ་གྲོན་ཐབས་ཤེས་བྱས་ནས་གྲ་སྒྲིག་བྱེད་བཞིན་ཡོད་ཀྱང་། སྐལ་བཟང་སྦྱིན་པ་ལགས་ཀྱི་ཁྱིམ་ན་ལས་ཀ་མེད་པའི་ཆུང་མ་དང་བྱིས་པ་ལོ་ཆུང་གཉིས་ལ་འཚོ་བའི་ཡོང་ཁུངས་གཞན་མེད་པས། དཔལ་འབྱོར་གྱི་དཀའ་ངལ་འོག་ཁྲིམས་རྩོད་པ་གླ་ཐུབ་ཀྱི་མེད་འདུག

ཡང་གནས་ཚུལ་ཡོངས་ཁུངས་ནས་བརྗོད་ན། གོང་གི་རྩོམ་པ་པོ་དེ་གསུམ་ལ་རྒྱལ་ཁབ་ཁ་བྲལ་ལ་ངན་སྐུལ་གྱི་ཉེས་འཛུགས་ཐོག་འཛིན་བཟུང་བྱས་པ་དང་། ཉེས་པ་གཙོ་བོ་དེ་ཕྱི་ལོ་༢༠༠༨ ལོའི་བོད་མིའི་ཞི་རྒོལ་ཆེན་མོའི་སྐོར་བྲིས་ པའི་ཁོང་ཚོའི་རྩོམ་ཡིག་༼ཤར་དུང་རི་༽དུས་དེབ་ཐོག་འགྲེལ་སྤེལ་བྱས་པ་དེ་ཡིན་ཚུལ་བརྗོད་བཞིན་པ་མ་ཟད། བྷུ་ངྷ་ལགས་ཀྱིས་དུས་དེབ་དེའི་ཐོག་བྲིས་པའི་༼ཕྱིར་རྟོག་དང་བསམ་གཞིག་༽ཅེས་པའི་རྩོམ་དེ་ད་ལྟ་རྔ་བ་ཁུལ་སྤྱི་བདེ་ལས་ཁུངས་ཀྱིས་ནག་ཉེས་བདེན་དཔང་ཆེད་རྒྱ་ཡིག་ཏུ་བསྒྱུར་ནས་བུད་ངྷ་ལ་བསྟན་ཡོད་ཀྱང་ནང་དོན་ཚང་མ་ལོག་བསྒྱུར་བྱས་འདུག་པས། ངས་རང་གི་བྲིས་པའི་རྩོམ་ཡིན་པའང་ངོ་ཤེས་ཀྱི་མི་འདུག་པས་ངོས་ལེན་བྱས་མེད་ ཅེས་བརྗོད་པ་བྷུ་ངྷའི་ནང་མིས་ཤེས་རྟོགས་བྱུང་ཡོད་ལ། ཁོང་ཚོར་ཁྲིམས་ཆད་ལྗིད་མོ་གཅོད་པར་སེམས་ཁྲལ་དང་རྒྱལ་སྤྱིའི་སྤྱི་ཚོགས་ནས་ཁོང་ཚོའི་གྱོད་དོན་ཐད་དོ་སྣང་བྱེད་རོགས་ཞེས་འབོད་སྐུལ་ཞུས་ཡོད་།

དེ་བཞིན་ཁྲིམས་རྩོད་པ་བཙལ་ཆོག་པའི་བརྡ་ཙམ་ལས་ད་བར་བྷུ་ངྷ་དང་དོན་ཁོ་གཉིས་སུལའང་ཁྲིམས་རྩོད་པ་དང་ནང་མི་གང་རུང་ལ་ཐུག་འཕྲད་བྱེད་དུ་བཅུག་མེད་འདུག ཨེ་ཞི་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པས་རྔ་བ་ཁུལ་སྤྱི་བདེ་ལས་ཁུངས་ལ་གོང་བརྗོད་བོད་མི་ཚོའི་གྱོད་དོན་དེ་ག་དུས་ཁྲིམས་ཞིབ་བྱེད་རྩིས་ཡོད་པ་སོགས་འདྲི་སྐབས། ཁོ་ཚོས་ཁ་པར་ནང་ཕན་ཚུན་བར་ཅུང་ཙམ་གྲོས་བསྡུར་བྱས་རྗེས། བུད་མེད་ཉེན་རྟོག་པ་ཞིག་གིས་གུས་ཞབས་ཀྱིས་༼དགོངས་པ་མ་ཚོམ། གནས་ཚུལ་དེ་ང་ཚོས་གསལ་པོ་ཤེས་ཀྱི་མེད། འབྲེལ་ཡོད་སྡེ་ཚན་ལ་སྐད་ཆ་དྲིས་ཟེར། ༽ ཡིན་ནའང་རྔ་བ་ཁུལ་ཁྲིམས་ཞིབ་ཁང་ལ་ཁ་པར་ཐེངས་ཁ་ཤས་བཏང་ཡང་འཕྲོད་མ་སོང་། ད་ལྟ་དགུང་ལོ་༣༢ ཡིན་པའི་འཇང་རྩེ་དོན་ཁོ་ལགས་ནི་ཁྱུང་མཆུ་རྫོང་ལོ་རྒྱུས་ཉམས་ཞིབ་ཁང་གི་ལས་བྱེད་པ་དང་། ༼དུས་རབས་ཀྱི་ང་༽ཞེས་པའི་དུས་དེབ་ཀྱི་རྩོམ་སྒྲིག་པ། སྐད་གྲགས་ཅན་གྱི་སྙན་ངག་པ་ཞིག་དང་། ཁོང་གིས་༼རོ་ལངས་༽་དང་༼ལག་རྩལ་༽སོགས་དཔེ་དེབ་ཁ་ཤས་བརྩམས་ཡོད་ལ། སུ་ཁྲོན་ཞིང་ཆེན་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་མི་ཡིན་འདུག

༼ཤར་དུང་རིའི་༽ཐོག་༼ང་ཚོའི་ལུས་ཐོག་ན་འགྲོ་བ་མིའི་ཐོབ་ཐང་ག་འདྲ་ཡོད་༽ཅེས་སྤེལ་ཡོད་སྤེལ་ཡོད་པ་དང། ཁོང་དང་གྲོགས་པོ་ཚོས་ས་གནས་སུ་བོད་སྐད་བཤད་སའི་བྱིས་གཉེར་ཁང་ཆུང་ཆུང་ཞིག་བཙུགས་ཡོད་འདུག ད་ལོའི་ཕྱི་ཟླ་དྲུག་པའི་ཚེས་༢༡ ཉིན་ཁྱིམ་ནས་རྔ་བ་ཁུལ་སྤྱི་བདེ་ལས་ཁུངས་ཀྱིས་རྒྱལ་ཁབ་ཁ་བྲལ་ལ་ངན་སྐུལ་གྱི་དོག་གཞིའི་འོག་འཛིན་བཟུང་བྱས་འདུགཤུལ་དུ་ཆུང་མ་དང་ལོ་ཆུང་བྱིས་པ་གཉིས་ཡོད་འདུག ད་ལྟ་རྔ་བ་ཁུལ་འབར་ཁམས་རྫོང་ཏྭ་ལིང་ཇིག་ལྟ་སྲུང་ཁང་ནང་བཙོན་འཇུག་བྱས་ཡོད། ད་ལྟ་དགུང་ལོ་༣༡ཡིན་པའི་བུད་ངྷ་ལགས་ནི་རྔ་བ་རྫོང་བར་མ་ཞང་གི་སྨན་པ་ཞིག་ཡིན་པ་དང་། ཁོང་རྒྱ་ནག་ཁྲོང་ཆིན་གསོ་རིག་སློབ་གྲྭ་ཆེན་མོ་ནས་སློབ་མཐར་ཕྱིན་པ་ དང་། ནམ་རྒྱུན་བོད་ནང་གི་དུས་དེབ་སྣ་ཚོགས་ཐོག་སྙན་ངག་དང་ལྷུག་རྩོམ་འབྲི་མཁན་ཞིག་དང་། ༼དུས་རབས་ཀྱི་ང་༽ཞེས་པའི་རྩོམ་སྒྲིག་པ་རེད། ༼ཤར་དུང་རིའི་༽ཐོག་༼ཕྱིར་རྟོག་དང་བསམ་གཞིག་༽ཅེས་པའི་རྩོམ་ཡིག་སྤེལ་པའི་ རྐྱེན་ད་ལོའི་སྤྱི་ཟླ་༦པའི་ཚེས་༢༡ཉིན་རྒྱལ་ཁབ་ཁ་བྲལ་ངན་སྐུལ་གྱི་དོག་གཞིའི་ འོག་འཛིན་བཟུང་བྱས་རྗེས་།དེང་ཐོག་ཟླ་གཅིག་ལྷག་རིང་རྔ་བ་ཁུལ་ལྟ་སྲུང་ཁང་ནང་ བཙོན་འཇུག་དང་། དེ་ནས་ཆུ་ཆེན་རྫོང་ལྟ་སྲུང་ཁང་དུ་བཙོན་འཇུག་བྱས་ཡོད་ལ་། ཤུལ་དུ་ཆུང་མ་དང་ལོ་གསུམ་ཅན་གྱི་བྱིས་པ་ཞིག་ཡོད་འདུག༼ དུས་རབས་ང་༽ཞེས་པའི་རྩོམ་སྒྲིག་པ་རེད། ད་ལྟ་དགུང་ལོ་༣༣ཡིན་པའི་སྐལ་བཟང་སྦྱིན་པ་ལགས་ད་ལོའི་སྤྱི་ཟླ་༧པའི་ཚེས་༡༩ ཉིན་རྔ་བ་ཁུལ་སྤྱི་བདེ་ལས་ཁུངས་ཀྱིས་རྒྱལ་ཁབ་ཁ་བྲལ་ལ་ངན་སྐུལ་གྱི་དོག་ གཞིའི་དོག་འཛིན་བཟུང་བྱས་ཡོད་ལ། ཁོང་ནི་ནམ་རྒྱུན་རྔ་བ་རྫོང་ཐོག་ན་གནས་སྡོད་ཀྱིས་ཚོང་ལས་ཙག་ཙིག་རེ་བྱས་ནས་ འཚོ་བ་སྐྱེལ་ཞོར་། རྩོམ་ཡིག་སྣ་ཚོགས་སྤེལ་ཀྱིན་ཡོད་ལ་།༼དུས་རབས་ཀྱི་ང་༽ཞེས་པའི་རྩོམ་སྒྲིག་པ་ རེད། ཤུལ་དུ་འཚོ་བའི་ཡོང་ཁུངས་གང་ཡང་མེད་པའི་ཆུང་མ་དང་བྱིས་པ་གཉིས་ལྷག་ཡོད་ལ། བྱིས་པ་ཆུང་བ་དེ་སྐྱེས་ནས་ཟླབ་ཁ་ཤས་ལས་འགོར་མེད་འདུག ད་ལྟ་ཆུ་ཆེན་རྫོང་ལྟ་སྲུང་ཁང་དུ་བཙོན་འཇུག་བྱས་ཡོད་།༼ཤར་དུང་རིའི་༽ཐོག་༼ ཟུངས་ཁྲག་དང་ཚེ་སྲོག་གི་གཏུག་བཤེར་༽ཞེས་པའི་རྩོམ་ཡིག་སྤེལ་བ་རེད། གནས་ཚུལ་ཡོང་ཁུངས་ནས་བརྗོད་ན་། ཁོང་ཚོ་ཚང་མས་༼ཤར་དུང་རིའི༽་དུས་དེབ་ཐོག་སྤྱི་ལོ་༢༠༠༨ལོའི་བོད་མིའི་ཞི་ རྒོལ་ཆེན་མོའི་སྐོར་གྱི་རྩོམ་ཡིག་སྤེལ་བ་དེ་ནག་ཉེས་གཙོ་བོར་བརྩི་གི་ཡོད་ ནའང་དོན་དངོས་སུ་རྩོམ་ཡིག་དེ་དག་རྒྱ་ནག་གི་རྩ་ཁྲིམས་ནང་བཀོད་པའི་སྨྲ་བརྗོད་ རང་དབང་ཆོག་པའི་དོན་ཚན་ལས་བརྒལ་མེད་ཟེར། དེ་མིན་ཟླ་བ་འདིའི་ཚེས་༡ཉིན་༼དུས་རབས་ཀྱི་ང་༽ཞེས་པའི་རྩོམ་སྒྲིག་པ་དང་རྩོམ་ པ་པོ་ཇོ་ལེབས་ཟླ་བ་ལགས་འཛིན་བཟུང་བྱས་ཡོད་ཀྱང་།ད་ལྟ་གང་དུ་བཅུག་ཡོད་མེད་ གསལ་ཆ་མེད་ལ། ཁོང་ནི་རྔ་བ་རྫོང་གི་དགེ་རྒན་ཞིག་ཡིན་པ་དང་། ཁོང་གིས་གཉེར་བའི་དཔེ་ཚོང་ཁང་ཆུང་ཆུང་ཞིག་ཡོད་པ་དེའང་སྒོ་རྒྱབ་ནས་། ད་ལྟ་ལས་མེད་དུ་ལྷག་པའི་ཆུང་མ་དང་བྱིས་པ་གཉིས་འཚོ་བའི་དཀའ་ངལ་ལ་འཕྲད་ཀྱི་ ཡོད་ལ། བྱིས་པ་ཆུང་བ་དེ་སྐྱེས་ནས་ཟླ་བ་གཅིག་ཙམ་ལས་འགོར་མེད་པ་རེད། གཞན་ཡང་རྔ་བ་ཁུལ་མི་རིགས་དགེ་འོས་སློབ་གྲྭའི་དགེ་རྒན་གཏམ་མེ་སྐྱབས་ལགས་ད་ ལོའི་སྤྱི་ཟླ་གསུམ་པར་འཛིན་བཟུང་བྱས་པ་ནས་ད་ལྟའི་བར་ཁོང་གང་ན་བཙོན་འཇུག་ བྱས་ཡོད་མེད་སོགས་གནས་ཚུལ་གང་ཡང་ཤེས་རྟོགས་མེད་ལ། དེའི་བར་ནས་ཁོང་གི་ཨ་ཕ་སེམས་ཁམས་མ་སྐྱིད་པར་ནད་བྱུང་ནས་གྲོངས་པ་དང་། ད་ལྟ་ཤུལ་ན་ལས་ཀ་མེད་པའི་བཟའ་ཟླ་དང་བུ་མོ་ལོ་གསུམ་ཅན་ཞིག་ལུས་ཡོད་འདུག དེ་མིན་ད་ལོའི་སྤྱི་ཟླ་ལྔ་བའི་ནང་གོང་བརྗོད་སློབ་གྲྭའི་དགེ་རྒན་གཞན་པ་བཞི་ འཛིན་བཟུང་བྱས་པའི་སྐོར་ལའང་ད་ལྟའི་བར་གནས་ཚུལ་གོ་ཐོས་ཅི་ཡང་མེད་ལ། ཁོང་ཚོ་ནི་ཕ་ཡུལ་མཛོད་དགེ་ནས་ཡིན་པའི་ཆོས་འཕེལ་ལགས་དང་།མཛོད་དགེ་ཡིན་པའི་ ཀུ་རྟི་སྐྱབས་ལགས། ཐེ་བོ་ནས་ཡིན་པའི་བསོད་ནམས་ལགས། མཚོ་སྔོན་ནས་ཡིན་པའི་རྡོ་ལ་ལགས། ཡང་གནས་ཚུལ་ཡོང་ཁུངས་ནས་མུ་མཐུད་དུ་བརྗོད་ན། ཁོང་ཚོ་འཛིན་བཟུང་བྱེད་དོན་དེ་གཙོ་བོ་སློབ་གྲྭའི་ནང་སློབ་མ་ཚོས་སྒེར་ངོས་ ནས་པར་སྐྲུན་བྱེད་བཞིན་པའི་གནམ་ལྕགས་ཞེས་པའི་ཚགས་པར་ཞིག་ཡོད་པ་དེར་གོང་ བརྗོད་དགེ་རྒན་དེ་ཚོས་དཔལ་འབྱོར་སོགས་ཀྱི་རྒྱབ་སྐྱོར་བྱས་ཚུལ་དང་ཚགས་པར་ དེར་ཆབ་སྲིད་དང་འབྲེལ་བའི་ནང་དོན་བསྲེས་ཡོད་ཚུལ་བརྗོད་བཞིན་ཡོད་ཟེར། གཞན་ཡང་ད་ལོའི་སྤྱི་ཟླ་༤པའི་ནང་༼ཤར་དུང་རིའི་༽རྩོམ་སྒྲིག་པ་དང་ནུབ་བྱང་མི་ རིགས་སློབ་གྲྭ་ཆེན་མོའི་སློབ་མ་གཞོན་སྐྱེས་རྩོམ་པ་པོ་ཐེའུ་རང་ངམ་བཀྲ་ཤིས་ རབ་བརྟན་འཛིན་བཟུང་བྱས་ཡོད་ཀྱང་། ཁོང་ས་གནས་གང་དུ་བཙོན་འཇུག་བྱས་ཡོད་མེད་སོགས་ཕྱི་ལོག་ནས་གནས་སྟངས་གང་ཡང་ ཤེས་རྟོགས་ཐུབ་མེད།