༼ སྔོན་འགྲོའི་འོས་བསྡུའི་སྐོར་གླིང་ཕྱོགས་༽
ཧ་ཅང་བློ་ཕམ་ཞིག་རེད་། ད་དུང་འོས་བསྡུའི་སྒྲིག་གཞིའི་ནང་རེའུ་མིག་ཆ་ཚང་མ་བསྐངས་ན་རྩིས་མེད་ཡིན་ཞེས་འཁོད་མེད་ན་ཡང་། འོས་བསྡུ་ལས་ཁུངས་ནས་འོས་སྒྲིག་ནང་རེའུ་མིག་ཆ་ཚང་ངེས་པར་དུ་སྐོང་དགོས་གསུངས་པ་ལ་ཚད་འཛིན་བྱེད་ཀྱི་ཡོད་པས་། ཆ་ཚང་མ་བསྐངས་རིགས་ཚང་མ་རྩིས་མེད་རེད་གསུང་པ་ནི་། གནའ་བོའུ་སྡེ་པ་གཞུང་གི་མགོ་ལེབ་ཚོའི་བཀའ་མངའ་ལས་རྒྱུ་མཚན་ཡང་དག་ཞིག་མ་མཐོང་། བཀའ་ཁྲི ༽་ མི་ངོ་སྤྲོད་གསལ་པོ་ཡོད་བཞིན་དུ་། ་རེའུ་མིག་ནང་་་མིང་དང་ཁྱད་མིང་།་ སྡོད་གནས་། ད་ལྟའི་ལས་སམ་སྔོན་གྱི་ལས་གནས་གསུམ་གསལ་པོ་ཡོད་བཞིན་དུ་། ཕ་ཡུལ་འབྲི་ས་ལ་སྐྱེས་ཡུལ་བྲིས་པ་ཙམ་གྱིས་འོས་ཤོག་རྩིས་མེད་དུ་བཏང་བ་ནི་། ང་ཚོའི་བོད་རིགས་རྒྱ་ཆེའི་མི་མང་གིས་། མངོན་འདོད་དང་རྩ་ཆེ་བའི་རང་དབང་ཐོབ་ཐང་དེ་རྩིས་མེད་དུ་བཏང་བ་བརྗོད་ག་ལ་དགོས་། དྲ་གྲོགས་རྣམས་ ད་དུང་སྡ་སའི་གཡས་གཡོན་དུ་ཡོད་པའི་སློབ་གྲཱ་ཁག་དང་། ལྷོ་ཕྱོགས་སུ་ཡོད་པའི་སློབ་གྲཱ་ཁག་བཅས་སློབ་ཕྲུག་མི་ཉུང་བ་ཞིག་གིས་། དེབ་སྐྱེལ་ཡག་པོ་བྱེད་སྐྱུག་མེད་པ་རྟེན་། སྔོན་འགྲོའི་འོས་ཀླུག་ཐུབ་མེད་པའི་ནག་ཉེས་ཆ་ཚང་འོས་བསྡུ་ལས་ཁུངས་དང་སློབ་གྲཱ་དེའི་རྒན་རྒན་ཚོས་ངེས་པར་དུ་ཁུར་དགོས་པ་མ་ཚད་དགོངས་སེལ་ཡང་ཞུ་དགོས་། མདོ་ན་མ་འོང་དངོན་གཞི་སྐབས་སུ་རྨྱོ་གླིང་འདི་འདྲ་ཞིག་མི་ཡོང་བའི་ཐབ་ཤེས་། ད་ལྟར་ནས་དབུས་འོས་བསྡུ་ལས་ཁུངས་ནས་། ཤ་ཡིན་ན་ཟ་ཟེར་བ་དང་། རུས་པ་ཡིན་ན་གཡུག་ཟེར་བའི་དཔེར་ལྟར་གནང་གལ་ཆེ་བ་ཤིན་དུ་ནས་མཐོང་ངོ་།