གྱེས་སྣེ་མང་
༼གྱེས་སྣེ་མང་༽
རི་མགོ་མཐོན་པོ་ཞིག་གི་མདུན་རྒྱབ་ན
ཡར་ཀླུངས་གཙང་པོའི་གྱེས་སྣེ་མང
དགུན་ཁ་རེར་འཁྱག་ལ་འབྱར་ཞིང་
ཡོད་ཚད་གཏན་མེད་སོང་བའི་ཚོར་སྣང་སྦྱིན་ཡང
དབྱར་དུས་རེར་ཉི་འོད་དང་བསྡེབས་ནས་འོད་འཚེར་འཚེར་འབབ་ཀྱིན་འདུག
ཆུ་བོ་ཆེན་པོ་ཞིག་གི་ཕར་ཚུར་ན
འཇོལ་མོའི་ངག་གི་བྲག་ཆ་འཁྱིལ
དབྱར་དུས་རེར་ཆུ་སྒྲ་དང་འདྲེས་ནས
སྒྲ་དབྱངས་སྙན་མོ་ཞིག་ཐོས་རྒྱུ་དཀོན་ཡང
དགུན་དུས་རེར་གྲང་རླུང་གི་གསེབ་ནས་མཚམས་རེར་ཐོས་ཀྱིན་འདུག
༢༠༡༠་༡༠་༢༡