བོད་ནང་གི་སྐད་ཡིག་སྲུང་སྐྱོབ་ལ་རྒྱབ་སྐྱོར་ཡོད།

soth students1ལས་འགུལ་དེར་སློབ་མ་ལྔ་བརྒྱ་ལྷག་འཛོམས་ཡོད་པ་དང་། སློབ་པའི་འཐུས་ཚབ་བོད་ཁྱིམ་སློབ་མ་དབང་རྒྱལ་གྱིས་རྒྱ་ནག་གི་གདུག་རྩུབ་དང་དྲག་སྤྱོད་ཀྱི་འོག་ཏུ། སྐད་ཡིག་རང་དབང་ཆེད་སྐད་འབོད་ཁྲོམ་སྐོར་བྱེད་མཁན་གྱི་སློབ་མ་རྣམས་ཀྱི་དྲང་བདེན་དང་སྙིང་སྟོབས་ལ་རྒྱབ་སྐྱོར་དང་གདུང་སེམས་མཉམ་བསྐྱེད་ཡོད། རྒྱ་ནག་གིས་བོད་པའི་སྐད་ཡིག་རང་དབང་དང་མི་རིགས་ལ་འདྲ་མཉམ་གྱི་རྩ་ཁྲིམས་ལག་བསྟར་དགོས་ཅེས་བརྗོད་སོང་། དེ་བཞིན་བོད་ཁྱིམ་སློབ་མ་བསྟན་འཛིན་ལྷ་མོས་ཀྱང་གཞིས་ལུས་སྤུན་ཟླ་རྣམས་ཀྱིས་སོ་སོའི་སྐད་ཡིག་རང་དབང་དང་མི་རིགས་འདྲ་མཉམ་ཀྱི་ཐོབ་ཐང་རྩོད་ལེན་བྱེད་པར་ང་ཚོས་མཐའ་གཅིག་ཏུ་རྒྱབ་སྐྱོར་ཡོད་ལ། ཁྱེད་རྣམ་པའི་རྒྱབ་ན་ང་ཚོ་ནམ་ཡང་ལངས་ནས་ཡོད། རྒྱ་ནག་གཞུང་གིས་རྩ་ཁྲིམས་ཀྱི་འབྲི་དོན་ལྟར་མི་རིགས་འདྲ་མཉམ་དང་སྐད་ཡིག་རང་དབང་དག་དྲང་པོའི་ལམ་ནས་ལག་བསྟར་བྱེད་རོགས་ཞེས་བརྗོད་སོང་། མེ་སོར་གསར་འགོད་པས།

{jcomments on}