ལུའུ་ཞུན་རྩོམ་རིག་བྱ་དགའ་ཐོབ་པ།
གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་བཀོད་པ་ལྟར་ན། ཚེ་རིང་ནོར་བུ་ལགས་ནི་རྒྱ་ཡིག་གི་ལམ་ནས་རྩོམ་འབྲི་མཁན་གྱི་བོད་རིགས་རྩོམ་པ་པོ་ཞིག་ཡིན་ཞིང་ཕྱི་ལོ་༡༩༨༡ ལོར་བོད་ལྗོངས་སློབ་གྲྭ་ཆེན་མོའི་བོད་ཡིག་སྡེ་ཁག་ཏུ་ཞུགས་པ་དང་། ཕྱི་ལོ་༡༩༨༦ ལོ་ནས་བཟུང་བོད་ལྗོངས་གསར་འགྱུར་ཁང་དང་《བོད་ཀྱི་རྩོམ་རིག》 ཅེས་པའི་རྒྱ་ཡིག་གི་དུས་དེབ་ཁང་ནས་ཕྱག་ལས་གནང་། ཕྱི་ལོ་༢༠༠༩ ལོར་གསར་རྩོམ་མཛད་པའི་སྒྲུང་ཐུང་《ཨ་མེ་རི་ཀ》 ཞེས་པ་དུས་དེབ་ཏུ་བཀོད་རྗེས་《ཀྲུང་གོའི་ལོ་རེའི་བརྩམས་སྒྲུང་གཅེས་བསྡུས》 ཞེས་པའི་དེབ་ཏུ་བདམས་ཡོད་འདུག
རྩོམ་པ་པོ་ཚེ་རིང་ནོར་བུ་ནི་གྲངས་ཉུང་མི་རིགས་ཀྱི་ནང་ནས་བྱ་དགའ་དེ་ཐོབ་མཁན་གཅིག་པུ་དེ་ཡིན་པ་མ་ཟད། ལུའུ་ཞུན་རྩོམ་རིག་བྱ་དགའ་ནི་རྒྱ་ནག་ནང་ཁུལ་གྱི་མའོ་ཏུན་རྩོམ་རིག་བྱ་དགའ་ཞེས་པའི་རྗེས་སུ་རྒྱ་ཡིག་གི་རྩོམ་རིག་བྱ་དགའི་རིམ་པ་མཐོ་ཤོས་དེ་ཡིན་འདུག །
{jcomments on}