བོད་ཡིག་སྦྱང་རྒྱུར་དམ་བཅའ་བྱེད་དགོས།
དེ་ཡང་ལས་འགུལ་དེའི་མཇུག་བསྡོམས་ཐོག་དགའ་ཤར་མཁན་རིན་པོ་ཆེ་བྱང་ཆུབ་ཆོས་ལྡན་དང། པདྨ་ཚལ་སློབ་གྲྭའི་ངེས་སྟོན་པ་གུ་རུ་རྒྱལ་མཚན། དགའ་ཤར་སློབ་དགེ་ཀླུ་གྲུབ་བསྟན་དར། སློབ་ཕྲུག་རྣམས་ཀྱི་འཐུས་ཚབ་བསྟན་འཛིན་མཚོ་མོ་དང་ལྷག་པ་བུ་ཆུང་བཅས་ཀྱིས་རིམ་པས་ལས་འགུལ་དང་འབྲེལ་བའི་གསུང་བཤད་གནང་ཡོད་པ་རེད། རྒྱ་གཞུང་གིས་བོད་མི་རིགས་དང་རིག་གཞུང་གི་སྲོག་རྩ་སྐད་ཡིག་གཉིས་རྩ་མེད་བཟོ་རྒྱུའི་ཆེད་དུ་ཁྲིམས་མཐུན་མིན་པའི་སྲིད་བྱུས་ལག་བསྟར་བྱེད་བཞིན་ཡོད་པ་དེར་བོད་ནང་གི་སློབ་མ་ཚོས་ཚེ་སྲོག་མེ་མདའི་སོ་ཁར་བཞག་ནས་བོད་མི་རིགས་ལ་སྐད་ཡིག་རང་དབང་དང་མི་རིགས་འདྲ་མཉམ་དགོས་པའི་ཞི་བའི་གྱེན་ལངས་བྱེད་བཞིན་ཡོད་པ་རེད། དེ་ལ་ང་ཚོས་མཐའ་གཅིག་ཏུ་རྒྱབ་སྐྱོར་ཡོད་པ་མ་ཟད། གང་ཐུབ་ཀྱིས་ལས་འགུལ་སྤེལ་རྒྱུ་དང་ཉིན་དེ་རིང་ནས་བཟུང་སོ་སོའི་སྐད་ཡིག་ལ་སྔོན་ལས་ལྷག་པའི་སྦྱང་བརྩོན་བྱེད་རྒྱུར་དམ་བཅའ་བྱེད་དགོས་སོགས་གཏམ་བཤད་བྱས་ཡོད་པ་རེད།།
མོན་གྷོ་གསར་འགོད་པས།