ཡོངས་གླིང་སློབ་གྲྭ་ལོ་ཉེར་དྲུག་འཁོར་བའི་མཛད་སྒོ།

མཛད་སྒོའི་བྱེད་སྒོ་དང་སློབ་ཕྲུག་ཚོས་རྒྱལ་གླུ་བཏང་བ་སོགས་ཀྱི་ལས་རིམ་གྲུབ་མཚམས་སུ། སློབ་གྲྭ་དེ་གའི་འགན་འཛིན་སྤྱི་འཐུས་ཟླ་བ་ཚེ་རིང་ལགས་ཀྱིས། ཐོག་མར་སློབ་གྲྭའི་བྱུང་རིམ་དང་བར་དུ་དཀའ་ངལ་ཇི་ལྟར་འཕྲད་ཡོད་མེད། ད་ལྟ་སློབ་ཕྲུག་ཚོའི་སློབ་སྦྱོང་ཐད་ལ་གྲུབ་འབྲས་ཇི་ཙམ་ཐོན་ཡོད་མེད། མ་འོངས་པར་ལས་འཆར་གང་ཡོད་མེད་བཅས་ཀྱི་ཐད་ལ་གསུང་བཤད་གནང་སོང།

yonglang schoolདེ་རྗེས་ཤེས་རིགས་བཀའ་བློན་མཆོག་གིས། ད་ལྟའི་སྐབས་ང་ཚོའི་སྤྱི་ཚོགས་ནང་ཉལ་ཐ་འཐེན་མཁན་དང་ཐ་མག་ནག་པོ་འཐེན་མཁན། རེག་དུག་གཉན་ནད་ཡོད་མཁན་མང་དུ་འགྲོ་ཡི་འདུག སེམས་འཚབ་བྱེད་མཁན་མང་དུ་འགྲོ་ཡི་ཡོད་རེད་ལ། ༧གོང་ས་མཆོག་གིས་ཀྱང་དེའི་ཐོག་བཀའ་སློབ་ཡང་ནས་ཡང་དུ་ཕེབས་ཀྱི་ཡོད་པ་རེད། དེ་རིང་འདིར་ཡོད་པའི་ཕ་མ་ཚོས་ཕྲུ་གུ་ཆུང་དུས་ནས་འགན་འཁུར་ནས། རང་ཉིད་ཀྱི་ཕྲུ་གུ་ཚར་ལོངས་བྱུང་བའི་སྐབས་ཕྲུ་གུའི་མི་ཚེ་ཡག་པོ་ཡོང་ཐབས་དང།  མི་རིགས་ལའང་མི་རིགས་གཙང་མ་དང་གྲུང་པོ། ཤེས་ཡོན་ཅན་ཡོང་ཐབས་བྱེད་རྒྱུ་ཧ་ཅང་གལ་ཆེན་ཡིན་ཞེས་གསུངས་སོང།

ཁོང་གིས་མུ་མཐུད་ནས། དེང་སྐབས་བོད་པའི་སྤྱི་ཚོགས་ཁྲོད་དུ་རྐུན་མ་རྒྱག་མཁན་ཡོང་གི་ཡོད་པ་དང།  དེ་བཞིན་མི་མགོ་སྐོར་གཏོང་མཁན་སོགས་ཡོང་གི་ཡོད་པས། སྔོན་མ་རྒྱ་གར་གྱི་ཚོང་པ་ཚོས་བོད་པ་ཡིན་ན། སྒོར་མོ་ཁ་ཐུག་སྤྲོད་རྒྱུ་མེད་ན་རྗེས་མ་སྤྲད་ན་འགྲིག་གི་རེད་ཅེས། ཁོ་རང་ཚོའི་ཡུལ་མི་ལས་ལྷག་པར་བོད་པ་ཚོར་ཡིད་ཆེས་བྱེད་ཀྱི་ཡོད་རེད། དེང་སྐབས་དེ་འདྲའི་རིགས་ཧ་ཅང་ཁག་པོ་རེད་འདུག དེས་ག་རེ་མཚོན་གྱི་ཡོད་རེད་ཟེར་ན་བོད་མི་ཚོའི་སྤྱོད་པ་སྡུག་ཏུ་ཕྱིན་ནས་ཡིད་ཆེས་མི་འཕེར་བ་མཚོན་གྱི་ཡོད་རེད། ད་དུང་ཧ་སང་དགོས་པ་ཞིག་ལ་བོད་མི་སྨད་འཚོང་མ་ཉར་ནས་ཚོང་ལས་བྱེད་མཁན་འདུག་ཟེར་གྱི་འདུག ག་བ་ཡོད་མེད་དང་དངོས་གནས་ཡིན་མིན་གསལ་པོ་རང་ཤེས་མ་སོང། གལ་སྲིད་དེ་འདྲ་ཡོད་ན་ཧ་ཅང་གི་ཐབས་སྐྱོ་པོ་རེད། དེ་འདྲའི་རིགས་བོད་པའི་སྤྱི་ཚོགས་སུ་ཁྱབ་བརྡལ་མི་འགྲོ་བའི་ཆེད་དུ་མི་མང་གིས་ངོ་རྒོལ་བྱེད་དགོས་པ་དང། སྤྱི་ཚོགས་རང་ཉིད་ཐོག་ནས་གདོང་ལེན་བྱེད་དགོས་པ་རེད་ཅེས་སོགས་གསུངས་སོང། དེ་ནས་སློབ་ཕྲུག་ཚོས་ རིག་གཞུང་འཁྲབ་སྟོན་སོགས་བྱས་ཡོད་པ་རེད།།

{jcomments on}