ཡུལ་ལུགས་འགའི་ཤོ་བཤད།

༧ རི་བདུན་རྐྱང་མོ་མཚན་ཞུར་མ། རྐྱང་གཅིག་ལ་ཨ་ཅོག་བཅུ་དྲུག་ཡོད།
༨ ཤ་བརྒྱད་ཤིང་མཁར་རྩེ་ལ་གདའ། །སྦྲ་ནག་ཀོང་པོའི་མཐིལ་ལ་གདའ།
༩ དགུ་ཆུ་རྟ་ལ་བླུད་ལེ་མིན། །མདོ་བ་གྲང་བ་ན་འགྲོ་རེད།
༡༠ ཁྱུག་ཁྱུག་བསོད་ནམས་སྒྲོལ་མ་དེ། །མཇེ་མགོ་ལྔ་བརྒྱའི་བདག་པོ་རེད།
༡༡ ཐོག་བརྒྱབ་པའི་མི་ལ་ལང་རྒྱུ་མེད། །ལང་བསྡད་ལེ་རྒྱ་ར་གཡོས་སྦོམ་རེད།
༡༢ བཅུ་གཉིས་ལྷ་ཉི་དཀར་པོ་དེ། །དགུང་སྔོན་དབྱིངས་ནས་ཤར་ལེ་རེད།

གོང་འཁོད་ཤོ་བཤད་དེ་དག་ཁེར་རྐྱང་ཤ་སྟག་ཡིན། ཟུང་འབྲེལ་ཤོ་བཤད་ཡང་སྙན་མོ་དེ་འདྲ་བཤད་རྒྱུ་ཡོད་པ་རེད། ངས་བྲིས་པ་དག་རོང་འབྲོག་རྒན་པ་དག་གི་ཁ་སྐད་རེད། འདི་ན་ཚིག་ཁ་ཤས་ཧ་ཅང་འཁྲིག་པོ་འདུག་ལ་དག་ཆ་ཡང་གོ་དཀའ་ཙམ་འདུག་འོན་ཀྱང་རྣམ་པ་ཚོ་འདིའི་ནང་གོ་དོན་མ་རྟོགས་པའི་རིགས་བྱུང་ཚེ་བཀའ་འདྲི་གནང་ན་རང་ནུས་ཅི་ཕེར་བྱེད་རྒྱུ་ཡིན་ལགས།