ཐེམ་ཆེན་རྫོང་དུ་སློབ་མའི་ཁྲོམ་སྐོར།

རྫོང་སྲིད་གཞུང་གི་མདུན་དུ་སྐད་འབོད་ཆུ་ཚོད་ཕྱེད་ཀ་ཙམ་བྱས་རྗེས་རྫོང་ཉེན་རྟོག་པ་ཡོང་ནས་སློབ་མ་རྣམས་ཕྱིར་སློབ་གྲྭར་བསྐྱལ་ཡོད་ཅིང་། ད་ལྟའི་བར་ཉེན་རྟོག་པས་སློབ་མ་ཚོར་གཅར་རྡུང་དང་འཛིན་བཟུང་སོགས་བྱས་མེད་ཟེར། ཡང་གནས་ཚུལ་ཡོང་ཁུངས་ནས་བརྗོད་ན། ད་ལྟ་སློབ་མ་ཚོ་རྫོང་བོད་ཡིག་སློབ་འབྲིང་ནང་བཅུག་ནས་ཕྱི་ལ་འགྲོ་ཆོག་གི་མེད་པ་མ་ཟད་གསང་སྤྱོད་དུ་འགྲོ་སྐབས་ཀྱང་ཉེན་རྟོག་པས་ལྟ་རྟོག་བྱེད་ཀྱི་ཡོད་ཚུལ་བརྗོད་འདུག

ཐེམ་ཆེན་རྫོང་སློབ་འབྲིང་ཡོངས་ལ་སློབ་མ་ཆིག་སྟོང་དྲུག་བརྒྱ་ནས་བདུན་བརྒྱ་བར་ཡོད་འདུག ཐེམ་ཆེན་རྫོང་ནི་མཚོ་སྔོན་ཞིང་ཆེན་གྱི་རང་སྐྱོང་ཁུལ་དྲུག་ཡོད་པའི་ནང་གི་བོད་རིགས་གཅིག་པོ་མ་ཡིན་པའི་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱི་ཁོངས་གཏོགས་ཡིན་པ་དང་། དེ་སྔོན་བོད་ཡིག་ལས་སློབ་ཁྲིད་གཞན་ཚང་མ་རྒྱ་ཡིག་ནང་འཆད་ཁྲིད་བྱེད་བཞིན་ཡོད་ནའང་། ལོ་རབས་དགུ་བཅུའི་མགོ་སྟོད་ནས་རྨ་ལྷོ་དང་མཚོ་ལྷོ་སོགས་ནས་ཆེད་དུ་ལོ་རེ་བཞིན་བོད་ཡིག་དགེ་རྒན་གདན་འདྲེན་གྱིས་སློབ་ཚན་མང་པོ་ཞིག་བོད་ཡིག་ཏུ་བསྒྱུར་ཟིན་པའམ་སྒྱུར་བཞིན་པའི་སྒང་ཡིན་པ་མ་ཟད་། ལོ་འདི་འགའི་ནང་གཏེན་ཁ་གྲོང་ཁྱེར་དུ་ཐེམ་ཆེན་རྫོང་མི་རིགས་སློབ་འབྲིང་གཉིས་པ་བཙུགས་ནས། བོད་ཡིག་འཕེལ་རྒྱས་འགྲོ་བཞིན་པའི་སྒང་ཡིན་འདུག །

{jcomments on}