དྷ་སའི་སློབ་མས་རྒྱ་ནག་གཞུང་ལ་ངོ་རྒོལ་བྱས་པ།

བཙན་བྱོལ་ནང་གི་སློབ་ཕྲུག་མཐུན་ཚོགས་ཀྱི་ངོས་ནས། བོད་ནང་གི་སློབ་མ་ཚོར་རྒྱབ་སྐྱོར་ཡོང་ཆེད་དང་། རྒྱལ་སྤྱིའི་ཤེས་རྟོགས་ཡོང་ཆེད། མཚན་རྟགས་བསྡུ་རུབ་ཀྱིས་མཉམ་སྦྲེལ་རྒྱལ་ཚོགས་སུ་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་དགོས་པའི་སྙན་ཞུ་ཕུལ་གྱི་ཡོད། གནད་དོན་འདི་ནི་སྐད་ཡིག་གི་གནད་དོན་རྐྱང་པ་ཙམ་མ་ཟད། མི་རིགས་ཀྱི་དར་རྒྱས་གོང་འཕེལ་དུ་གཏོང་ཐུབ་མིན་གྱི་ཆེས་རྩ་བར་གྱུར་བའི་རྩ་དོན་ཟིག་ཡིན་སྟབས། གཞིས་བྱེས་གཉིས་ཀྱི་ཤེས་ཡོན་དང་། ཚོགས་སྡེ་ཁག སློབ་ཕྲུག་མང་པོ་ཞིག་གིས་དེར་དོ་ཁུར་ཚད་མེད་བྱེད་བཞིན་ཡོད་པ་རེད་ཅེས་བརྗོད་འདུག

ལས་འགུལ་དེའི་ནང་འཛིན་རིམ་བཅུ་གཉིས་འོག་གི་དྷ་སའི་ཉེ་འཁོར་གྱི་སློབ་གྲྭ་ཁག་གི་སློབ་མ་འབོར་ཆེན་མཉམ་ཞུགས་བྱས་འདུག །