བཀའ་བརྒྱུད་དགུན་ཆོས་སྐབས་བཅུ་བཞི་པ།

བཀའ་བརྒྱུད་དགུན་ཆོས་སམ་ཀརྨ་དགུན་ཆོས་འདི་ནི་ཕྱི་ལོ་༡༩༩༧ ལོར་བལ་ཡུལ་ཀརྨ་ལེགས་བཤད་གླིང་གི་བཤད་གྲྭའི་འགན་འཛིན་བླ་མ་ཕུན་ཚོགས་ལགས་ཀྱིས་གདན་ས་རུམ་བཏེག་བཤད་གྲྭ་དང་། དཔལ་སྤུངས་ཤེས་རབ་གླིང་བཤད་གྲྭ ཁྲ་འགུ་བཤད་གྲྭ་བཅས་ཀྱི་དབུ་འཛིན་རྣམས་དང་བཀའ་གྲོས་ཀྱིས་བལ་ཡུལ་འཕགས་པ་ཤིང་ཀུན་ཀརྨ་ལེགས་བཤད་གླིང་དུ་ལོ་དེའི་ཟླ་༡ ཚེས་ ༨ ཉིན་རྒྱ་གར་དང་བལ་ཡུལ་གྱི་བཀའ་བརྒྱུད་པའི་བཤད་གྲྭ་ཁག་གི་མཁན་སྤྲུལ་དགེ་སློབ་ལྷན་འཛོམས་ཀྱིས། ༧སྐྱབས་རྗེ་འཇམ་མགོན་ཀོང་སྤྲུལ་རིན་པོ་ཆེ་སྐུ་ཕྲེང་བཞི་པ་འཇམ་མགོན་བློ་གྲོས་ཆོས་ཀྱི་ཉི་མ་ཆེན་པོ་མཆོག་གིས་ཀརྨ་དགུན་ཆོས་དབུ་འབྱེད་བྱས་པ་ནས་ཀརྨའི་དགུན་ཆོས་སྲོལ་བཟང་གསར་བཏོད་མཛད་དེ་དུས་ད་ལྟ་བར་དུ་ལོ་ལྟར་ཆད་མེད་དུ་འཚོགས་དང་འཚོགས་བཞིན་པ་རེད་འདུག

མེ་སོར་གསར་འགོད་པས།{jcomments on}