འཛམ་གླིང་གི་མཛེས་མའི་འགྲན་སྡུར་ཐེངས་དྲུག་ཅུ་པ།

ཟླ་སྔོན་མའི་ཚེས་༣༠ ཉིན་གྱི་དགོང་མོར་རྒྱ་ནག་གི་སིན་ཡཱ་sanya ས་ཁུལ་དུ། འཛམ་གླིང་མཛེས་མའི་མཐའ་མཇུག་གི་འགྲན་སྡུར་བྱེད་སྐབས། miss world 2010རང་ལོ་༡༨ ལ་སོན་པའི་ཨ་རིའི་བུ་མོ་ཨ་ལི་རྫན་རི་ཡ་མཱ་ལི་ལ། འཛམ་གླིང་གི་མཛེས་མ་ཐེངས་དྲུག་ཅུ་པའི་དབུ་རྒྱན་གཟེངས་རྟགས་ཐོབ་ཡོད་པ་དང་། ད་ཐེངས་ཀྱི་འཛམ་གླིང་མཛེས་མ་འདེམས་ཕྱོགས་ལ། སྔོན་དུས་དང་མི་འདྲ་བ་གླེང་རྙོག་མང་པོ་ཞིག་ལྷག་ཡོད་པ་རེད། དབྱིན་ལན་དང་ནོར་ཝེ་སོགས་ཀྱི་བརྒྱུད་ལམ་ཁག་ནས་གནས་ཚུལ་སྤེལ་གསལ་ལྟར་ན། རང་ལོ་༢༣ སོན་ཞིང་ནོར་ཝེ་གཙུག་ལག་སློབ་གྲྭ་ཆེན་མོ་ནས་ཐོན་པའི་ནོར་ཝེ་མཛེས་མ་མཱ་རིན་བྷར་ཁི་ཌལ། འཛམ་གླིང་མཛེས་མའི་འགྲན་རྩོད་གྱི་རྩལ་རིགས་འདྲ་མིན་ནང་ཞུགས་སྐབས། ནོར་ཝེའི་མཛེས་མ་ལ་རྒྱལ་ཁ་ཐོབ་སྲིད་པའི་ཚོད་དཔག་བྱེད་མཁན་གཟུར་དཔང་དང་མི་མང་མང་པོ་བྱུང་ཡོད་པ་རེད། མཐའ་མཇུག་གི་འགྲན་སྡུར་སྐབས་རྩེད་ཕུད་༡༠ དང་དེ་ནས་༥ རིམ་བརྒྱུད་ཀྱིས་ཡོང་སྐབས། ནོར་ཝེའི་མཛེས་མ་རྩེད་ཕུད་ལྔའི་ནང་དུ་ཡང་ཚུད་མེད་པ་རེད།

འཛམ་གླིང་གི་མཛེས་མ་འདེམས་ཐེངས་༦༠ པ་ལོ་འདིའི་འཛམ་གླིང་གི་མཛེས་མའི་དབུ་རྒྱན་གཟེངས་རྟགས་ཐོབ་མཁན་ཨ་རིའི་བུ་མོ་ཨ་ལི་རྫན་རི་ཡ་མཱ་ལི་ལ་ཡིས་གསར་འགོད་པ་ཚོར། ངའི་ཁ་གཏད་ཆེ་ཤོས་ནོར་ཝེའི་མཛེས་མར་དྲང་པོ་མ་བྱས་པར་བློ་ཕམ་ཡོད་ཅེས་བརྗོད་ཡོད་པ་རེད། དབྱིན་ལན་དང་ནོར་ཝེའི་བརྒྱུད་ལམ་ཁག་ནས་གནད་དོན་དེའི་ཐོག་དཔྱད་བརྗོད་བྱས་པ་ལྟར་ན། ནོར་ཝེ་གཟེངས་རྟགས་མཐུན་ཚོགས་ཀྱིས། རྒྱ་གཞུང་གིས་རྒོལ་གཏམ་སྤེལ་མིན་ལ་མ་ལྟོས་པར། འདི་ལོ་ཞི་བདེའི་གཟེངས་རྟགས་རྒྱ་ནག་གི་ཆབ་སྲིད་བཙོན་པ་ལིའུ་ཞོ་པོ་ལ་སྤྲད་ཡོད་པས། རྒྱ་ནག་གཞུང་གིས་འཁོན་འཛིན་དང་ལན་འདེབས་ཀྱི་རྣམ་པ་སྟོན་ཆེད་དུ། ད་ཐེངས་ཀྱི་འཛམ་གླིང་མཛེས་མའི་གཟུར་དཔང་བ་ཚོ་བསླུ་བྲིད་དང་འཇིགས་སྐུལ་གྱིས། ནོར་ཝེའི་མཛེས་མར་གཟེངས་རྟགས་ཐོབ་བཅུག་མེད་པ་རེད་ཅེས། བརྒྱུད་ལམ་ཁག་ནས་ད་ཐེངས་ཀྱི་འཛམ་གླིང་མཛེས་མའི་འགྲན་སྡུར་གྱི་གཟེངས་རྟགས་དེ་དྲང་པོ་བྱུང་མེད་པའི་སྐོར་ཁྱབ་བསྒྲགས་ཤུགས་ཆེ་བྱས་ཡོད་པ་རེད།།