ཨ་རིའི་གྲོས་ཚོགས་ཀྱི་ཚོགས་གཙོ་ནན་སི་པི་ལོ་སི་མཆོག་ལ་ཐུགས་གསོའི་འཚམས་འཕྲིན།
སྲིད་འཛིན་ཨོ་བྷ་མའི་འཕྲོད་བསྟེན་འཆར་འགོད་བསྒྱུར་བཅོས་ཀྱི་ལས་དོན་སོགས་དང་འབྲེལ་ཡོད་འདུག དེ་དང་འབྲེལ་ནས་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་བརྗེ་བསྒྱུར་སོགས་བྱས་ཡོད་པས། ཚོགས་གཙོ་སྔོན་མ་ནན་སི་པི་ལོ་སི་མཆོག་ལ་བཀའ་ཁྲི་མཆོག་གིས་ཟླ་འདིའི་ཚེས་༣ འཁོད་པའི་ཐུགས་གསོའི་འཚམས་འཕྲིན་ཞིག་ཕུལ་ཡོད་པའི་ནང་འཁོད་དོན།
བཀུར་འོས་ཨ་རིའི་གྲོས་ཚོགས་ཀྱི་ཚོགས་གཙོ་ནན་སི་པི་ལོ་སི་མཆོག་ལ།
ད་ཐེངས་ཨ་རིའི་བར་དཀྱིལ་གྱི་འོས་བསྡུ་གནང་བའི་གྲུབ་འབྲས་དེ་ལ། ཨ་རི་མི་མང་གིས་མང་གཙོ་ཚོགས་པའི་ཕྱག་ལས་གནང་ཕྱོགས་ལ་མཐའ་མའི་ཐག་གཅོད་རེད་དགོངས་ཀྱི་མེད་པ་ང་ཚོའི་རེ་བ་ཡིན། ང་ཚོའི་ཡིད་ཆེས་ནི། ཁྱེད་ཀྱིས་གྲུབ་འབྲས་དེ་ཨ་རི་རྒྱལ་ཁབ་དང་དེའི་མང་གཙོ་འཕེལ་རྒྱས་ལ་རྒྱལ་ཁ་ཡིན་པ་ངོས་འཛིན་གནང་གི་ཡོད་པ་དེ་ཡིན། སྐུ་ཉིད་ནས་ཨ་མི་རི་ཀའི་མི་མང་ལ་ཞབས་འདེགས་ལྷད་མེད་ཞུས་པར་རྗེས་སུ་ཡི་རང་ཞུ་བ་དང་ཆབས་ཅིག ༧གོང་ས་མཆོག་གིས་བོད་མི་རྣམས་སྡུག་བསྔལ་ལས་ཐར་ཆེད་ཕྱག་ལས་གནང་བཞིན་པར། ཉིད་ཀྱིས་རྒྱབ་སྐྱོར་རྒྱུན་མཐུད་ནས་གནང་བར་ཡང་ད་ཐེངས་ཀྱི་གོ་སྐབས་འདི་དང་བསྟུན་ནས་བཀའ་དྲིན་རྗེས་དྲན་ཞུ་བཞིན་ཡོད། ཕྱི་ལོ་༢༠༠༨ ལོའི་དཔྱིད་ཀར་སྐུ་ཉིད་དྷ་རམ་ས་ལར་ཕེབས་ནས། བོད་མིའི་འཚེ་མེད་ཞི་བའི་ཐོག་ནས་རང་དབང་གི་འཐབ་རྩོད་བྱེད་བཞིན་པར་རྒྱབ་སྐྱོར་གསལ་པོ་གནང་བ་དེར་ང་ཚོས་དགའ་བ་སྒོམ་བཞིན་ཡོད། བཀའ་བློན་ཁྲི་པའི་མིང་འཛིན་པ་བློ་བཟང་བསྟན་འཛིན་གྱིས། འཚམས་འདྲི་སྨོན་འདུན་དང་བཅས་ཕྱི་ལོ་ ༢༠༡༠ ཟླ་༡༡ ཚེས་ ༣ ཉིན་ཕུལ།།