དྷ་ས་ས་གནས་འགོ་འཛིན་དང་ས་འཐུས་འོས་བསྡུ།
སྤྱི་བཏར་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ནང་དུ་གཞིས་ཆགས་ཁག་སོ་སོར་ས་གནས་འགོ་འཛིན་དང་ས་གནས་འཐུས་མི་ས་གནས་མི་མང་གིས་ཐད་ཀར་འོས་འདེམས་བྱེད་དགོས་ཀྱི་ཡོད་ནའང། གཞིས་ཆགས་མང་ཆེ་བས་ས་གནས་འགོ་འཛིན་འོས་འདེམས་མ་ཐུབ་པར་གཞུང་གིས་བསྐོ་བཞག་བྱེད་ཀྱི་ཡོད་པ་དང་། དྷ་སར་མཚོན་ནས་མི་མང་གིས་འོས་འདེམས་བྱས་ཏེ་ས་གནས་འགོ་འཛིན་བསྐོས་པ་སྐབས་གཉིས་པ་དེ་ཆགས་ཀྱི་ཡོད་པ་རེད།
གཞིས་ཆགས་མང་ཆེ་བར་ས་གནས་འཐུས་མི་འོས་འདེབས་ཀྱིས་ལམ་ལུགས་ཚགས་ཚུད་བྱུང་ཡོད་ནའང་། ས་གནས་ཁག་ཅིག་ཏུ་ས་གནས་འཐུས་མི་ད་དུང་ཡང་འདེམས་བསྐོས་ཐུབ་ཀྱི་མེད་པ་རེད། ས་གནས་འཐུས་མི་ནི་ས་གནས་དེའི་མི་མང་གི་སྐུ་ཚབ་ཡིན་པས་ཆོལ་ཁ་ཆོས་ལུགས་རེས་མེད་ཀྱིས་འོས་འདེམས་བྱེད་ཀྱི་ཡོད་པ་རེད།།{jcomments on}