བལ་ཡུལ་དང་འབྲུག་ཡུལ་ནས་འོས་ཤོག་འཕྲོ་བརླག
ངག་ཐོག་ནས་བཀའ་ཁྲོལ་ཐོབ་འདུག་མོད། བལ་ཡུལ་དུ་སྔོན་འགྲོའི་འོས་བསྡུའི་སྐབས། ས་གནས་ཁག་གཉིས་ནས་ཉེན་རྟོག་པས་བལ་ཡུལ་ནང་སྲིད་ཀྱི་བཀའ་ཡིན་ཞེས་འོས་སྒམ་༡༨ ཁྱེར་བ་རེད། ས་གནས་དེ་གཉིས་ནང་འོས་ཤོག་༡༠༠༠ ལྷག་ཅིག་འཕྲོ་བརླག་ཕྱིན་པ་དང་། འོས་ཤོག་དབུས་འོས་བསྡུ་ལས་ཁང་དུ་༣༦༢༣ འབྱོར་ཡོད་པ་རེད་ཅེས་འགྲེལ་བརྗོད་གནང་སོང་།
ཁོང་གིས་མུ་མཐུད་འབྲུག་ཡུལ་དུ་བོད་མིའི་འོས་བསྡུའི་དཀའ་ངལ་སྐོར་གསུང་དོན། འབྲུག་ཡུལ་དུ་བོད་པའི་གཞིས་ཆགས་ཁག་༧ ཡོད་པའི་ནང་འོས་བསྡུའི་དེབ་ཡོད་མཁན་༡༠༩༧ འདུག འོས་བསྡུའི་སྐབས་འབྲུག་གི་ཕྱི་མིའི་དེབ་སྐྱེལ་བྱེད་སའི་ལས་ཁུངས་སུ་བཀའ་ཁྲོལ་ཞུས་འདུག་ཀྱང་། ལན་གང་ཡང་འབྱོར་མི་འདུག ཡིན་ནའང་འོས་བསྡུ་བྱས་པ་རེད། དེ་རྗེས་འབྲུག་གཞུང་གིས་འོས་བསྡུ་དང་འབྲེལ་བའི་ཡིག་ཆའི་རིགས་རྒྱ་གར་དུ་གཏོང་ཆོག་གི་མ་རེད་ཅེས་བཀག་པ་རེད། དེར་བརྟེན། འོས་བླུག་མཁན་༦༡༣ བྱུང་བ་རེད་མོད་ཚུར་གཏོང་མ་བཅུག་ནས་འཕྲོ་བརླག་ཕྱིན་པ་རེད་ཅེས་འགྲེལ་བརྗོད་གནང་སོང་། །
{jcomments on}