ས་སྐྱའི་སྨོན་ལམ་ཆེན་མོ།

ས་ངོ་ཚར་རྫོང་དབུས་པའི་གདན་ས་ཁག་གི་དབུ་ཁྲིད་མཁན་པོ་རྣམ་པ་བཅས་གཙོས་པའི་རྒྱལ་བལ་འབྲུག་གསུམ་ཁུལ་གནས་པའི་ས་སྐྱ་ཆོས་བརྒྱུད་རྗེས་འཛིན་ཡོངས་ཀྱི་གྲྭ་བཙུན། གཞན་ཡང་ཕྱོགས་མཐའ་ཁག་ནས་ཕེབས་པའི་སྐྱ་སེར་ཕོ་མོ་དང་སྨོན་ལམ་ཆེན་མོའི་དད་སྦྱིན་ཁག་ཅིག་བཅས་ཁྱོན་མི་སྟོང་ཚོ་ཁ་ཤས་ཚོགས་ཕེབས་གནང་ཡོད་འདུག

ཕྱི་ཚེས་༡༣ནས་དབུ་འཛུགས་གནང་བས་སྨོན་ལམ་ཆེན་མོ་ཉིན་བཅུ་རིང་ཚོགས་གཏན་ཁེལ་བ་དང་ཉིན་དགུ་པ་དང་བཅུ་པ་གང་རུང་ཞིག་ལ་དཔལ་ས་སྐྱ་༧གོང་མ་བདག་ཁྲི་རྡོ་རྗེ་འཆང་ཆེན་པོ་མཆོག་ལ་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན་ཚེ་དབང་ཞིག་ཀྱང་གནང་འཆར་ཡོད་འདུག གནས་ཚུལ་མཁོ་འདོན་པ་མ་དགོན་ནས་དགྲ་བཅོམ་པ་ཆོས་སྐྱབས་ཀྱིས།