༧གོང་ས་མཆོག་གིས་ལྕམ་ཨང་སན་སུ་ཅི་ལ་བསྩལ་བའི་འཚམས་འཕྲིན།
ངས་འབར་མའི་ནང་མང་གཙོའི་ལས་འགུལ་འདིར་རྒྱབ་སྐྱོར་དང་གདུང་སེམས་མཉམ་བསྐྱེད་ཞུ་རྒྱུ་དང་འབྲེལ། གོ་སྐབས་འདི་དང་བསྟུན་ནས་འཛམ་གླིང་ཡོངས་ཀྱི་མི་མང་རྣམས་ཀྱིས་འདི་ལྟ་བུའི་འཚེ་མེད་ཞི་བའི་ལས་འགུལ་ཐོག་རྒྱབ་སྐྱོར་ཡོང་བའི་འབོད་སྐུལ་ཞུ་རྒྱུ་ཡིན། ངས་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱིས་ཀྱང་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཐོབ་མཁན་སྐུ་ཞབས་ལིའུ་ཞའོ་པོ་དང་དེ་བཞིན་སོ་སོའི་རང་དབང་གི་རྣམ་འགྱུར་བེད་སྤྱོད་བྱས་པར་བཙོན་དུ་བཅུག་པའི་བཙོན་པ་རྣམས་གློད་གྲོལ་ཡོང་བའི་རེ་བ་དང་སྨོན་ལམ་ཡོད་ཅེས་འཁོད་ཡོད་པ་རེད།།