རྒྱ་རིགས་ངོ་རྒོལ་བ་རྣམས་བྲོས་སོང་བ།

དེ་རྗེས་ནོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་ལྕམ་སྐུ་ཇོ་ཌི་ཝི་ལི་ཡམ་མཆོག་དང་། ལྕམ་སྐུ་ཤི་རིན་ཨི་བྷེ་ཌི་མཆོག་གཉིས་སྐད་འབོད་བྱེད་མཁན་ཚོོར་ཐུག་འཕྲད་དུ་ཕེབས་དུས་མི་གཅིག་མ་གཏོགས་གཞན་རྣམས་བྲོས་སོང་བ་དང། མི་གཅིག་དེས་དྲག་སྤྱོད་ཀྱི་རྣམ་འགྱུར་བསྟན་ཡོད་འདུག འོན་ཀྱང་ལྕམ་སྐུ་གཉིས་ཀྱིས། ང་ཚོའི་དམིགས་ཡུལ་གཙོ་བོ་དེ་འཆམ་མཐུན་བསྐྲུན་རྒྱུ་དེ་ཡིན་པ་དང། ལིའུ་ཞའོ་པོ་གློད་གྲོལ་ཡོང་བ། དེ་བཞིན་༧གོང་ས་མཆོག་གིས་ཁ་བྲལ་གནང་གི་མེད་པར་རྒྱ་གཞུང་དང་གྲོས་མོལ་གནང་འདོད་ཡོད་པ་བཅས་ཀྱི་གསལ་བཤད་གནང་ཡོད་པ་མ་ཟད། ང་ཚོ་འདིར་ཡོང་སྐབས་རྒྱ་རིགས་ངོ་རྒོལ་བ་ཚོ་བྲོས་དགོས་དོན་གང་ཡིན་ནམ། ང་ཚོ་འདིར་ཁྱེད་ཚོར་ཁ་གཏད་བྱེད་དུ་ཡོང་བ་མིན། ངེད་གཉིས་ཞི་བདེའི་གཟེངས་རྟགས་ཐོབ་མྱོང་མཁན་ཞིག་ཡིན།  འདིར་ཉི་ཧོང་གི་ཉེན་རྟོག་པའི་མི་སྣ་མི་འདུག ཁོང་ཚོ་བྲོས་དགོས་དོན་ནི་ང་ཚོ་དང་གྲོས་མོལ་བྱེད་འདོད་མེད་པ་རེད།

དེང་དུས་ཀྱི་འཛམ་གླིང་ནང་དཀའ་རྙོག་སེལ་རྒྱུའི་ཐབས་ལམ་བཟང་ཤོས་དེ་གྲོས་མོལ་རེད། ངེད་གཉིས་ཀྱིས་༸གོང་ས་ཏཱ་ལའི་བླ་མ་མཆོག་ལ་བཀའ་མོལ་འདི་ཞུས་པ་ཡིན། ངེད་གཉིས་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཐོབ་མྱོང་མཁན་ཞིག་ཡིན་པའི་ཆ་ནས་རྒྱ་ནག་ཏུ་ཕྱིན་ཏེ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཐོབ་མཁན་ལིའུ་ཞའོ་པོ་ལ་མཇལ་འདོད་ཡོད། དེ་བཞིན་ང་ཚོ་བོད་ནང་ཕྱིན་ཏེ་རྒྱ་ནག་གིས་བཤད་པའི་བོད་ནང་གི་བོད་མིར་རང་དབང་ཡོད་མེད་དང། བོད་ཀྱི་རིག་གཞུང་དང་སྐད་ཡིག་ལ་གུས་བརྩི་དང་གོང་འཕེལ་གཏོང་གི་ཡོད་མེད་བལྟ་འདོད་ཡོད་ཅེས་སོགས་སྤྱིར་གྲོས་མོལ་ལ་རྒྱབ་སྐྱོར་གནང་གི་ཡོད་སྐོར་གསུངས་འདུག །
གནས་ཚུལ་ཡོངས་ཁུངས་བོད་གཞུང་དྲ་བ།

{jcomments on}