འཛི་སྒར་དགོན་པའི་གྲྭ་པ་གཉིས་ལ་ཁྲིམས་ཐག་བཅད་པ།

karma_palsang1mipham_gelekསྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་ལགས་ཀྱིས་བརྒྱུད་ལམ་ཁག་ཏུ་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན། ཕྱི་ལོ་༢༠༠༩ ལོར་འཇོ་མདའ་རྫོང་ཁོངས་ཀྱི་བོད་མི་རྣམས་ཀྱིས་ས་ཞིང་མ་བཏབ་ཅིང་སྒོ་བཤས་སྤངས་པ་སོགས་དང་། དམིགས་བསལ་འཛི་སྒར་དགོན་གཙོས་པའི་དགོན་སྡེ་ཁག་ནས་རྒྱལ་གཅེས་ཆོས་གཅེས་ཀྱི་སློབ་གསོར་དང་ལེན་མ་གནང་བ་སོགས་ཀྱི་གནས་ཚུལ་བྱུང་སྟབས། རྒྱ་གཞུང་གིས་རླངས་འཁོར་ཆེ་ཆུང་འདྲ་མིན་མང་པོ་སྤྲད་ཀྱང་བོད་མི་རྣམས་ཀྱིས་བླངས་མེད་པ་རེད།

ལོ་འདིའི་གསུམ་བཅུའི་དུས་དྲན་གྱི་དགོང་མོ་འཇོ་མདའ་རྫོང་འཛི་སྒར་ཤང་དུ་རྒྱ་གཞུང་ལ་ངོ་རྒོལ་ཆེད་རྒྱ་གཞུང་གིས་ས་གནས་མང་ཚོགས་ལ་སྤྲོད་འཆར་ཡོད་པའི་རླངས་འཁོར་མེར་བསྲེགས་བཏང་ཡོད་པ་དང་། དེའི་རྗེས་རྒྱ་གཞུང་གི་ཉེན་རྟོག་པས་འཛི་སྒར་དགོན་པའི་གྲྭ་པ་ཁག་ཅིག་འཛིན་བཟུང་བྱས་རྗེས་ཁོང་གཉིས་ཉེས་ཅན་གྱི་གཏེ་བོ་ཡིན་པར་ངོས་འཛིན་བྱས་ཏེ། དུས་ཚོད་རིང་པོར་བཀག་ཉར་གྱིས་འདྲི་བརྩད་བྱས་ཡོད་པ་མ་ཟད། འཛི་སྒར་དགོན་པར་ཁྲིད་ཡོང་ནས་གྲྭ་མང་ལ་ཁོང་གཉིས་ཀྱི་བྱ་སྤྱོད་ངན་པ་དེ་ལྟ་བུ་གྲྭ་མང་བྱིངས་ཀྱིས་བྱས་ན་མི་འགྲིག་པའི་འཇིགས་སྐུལ་བྱས་ཡོད་འདུག་ལ། མཐར་ཉེ་ལམ་ཕྱི་ཟླ་༡༠ པའི་ནང་ཁྲིམས་ཐག་བཅད་པ་ཞིག་ཡིན་འདུག །

{jcomments on}