༧གོང་ས་མཆོག་བཞུགས་སྒར་དུ་ཞབས་སོར་འཁོད་པ།

དེ་ནས་ཕྱིར་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཞབས་སོར་འཁོད་ནས། ཧིན་དྷུ་སི་ཐཱན་དུས་བབ་ཚགས་པར་གོ་སྒྲིག་འོག་དབུ་ཁྲིད་ལྷན་ཚོགས་སུ་ཆིབས་བསྒྱུར་གནང་བ་དང་། རྒྱ་གར་གྱི་བརྙན་འཕྲིན་བརྒྱུད་ལམ་(CNN/IBN) ཞེས་པའི་བཅར་འདྲི་དང་ལེན་གནང་བ། མཱ་དྷར་ཁྲེ་རི་སཱའི་དྲན་རྟེན་གཟེངས་རྟགས་འབུལ་བཞེས་བསྐྱངས་པ། སེམས་དང་སྲོག་གི་ལྷན་ཚོགས་སུ་ཆིབས་བསྒྱུར་གནང་ནས་བཀའ་སློབ་གནང་བ། ཁ་ཆེའི་མཐོ་སློབ་ཇཱེ་མི་ཡཱ་མེ་ལི་ཡཱ་ཞེས་པས་རྩོམ་རིག་མཁས་དབང་གི་ཕྱག་ཁྱེར་གཟེངས་རྟགས་གནང་བ། དེ་བཞིན་《བཀའ་རྙོག་གི་དུས་སྐབས་ནང་བདེ་སྐྱིད་འཚོལ་ཐབས་》ཞེས་པའི་བརྗོད་གཞིའི་བཀའ་སློབ་གནང་བ་དང་། 《འགྲོ་བ་མིས་འཛམ་གླིང་ཞི་བདེ་བསྐྲུན་ཐབས་》 ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་གནང་བ་སོགས་ཀྱི་མཛད་འཕྲིན་ཆེ་ཕྲ་རྣམས་ལེགས་པར་གྲུབ་རྗེས། ཟླ་འདིའི་ཚེས་༢༤ ཉིན་ཕྱིར་བཞུགས་སྒར་དྷ་རམ་ས་ལར་ཞབས་སོར་བདེ་བར་འཁོད་ཡོད་པ་རེད།།