ངའི་ཕ་སྐད་གཙང་མ་གང་ན་ཡོད།

ལྷད་ཚིག་གི་ཁབ་རྩེ་རྣོན་པོ་དེ།།

དམར་ཆུང་གི་སྙིང་ཁར་བརྡབ་པ་རེད།

ཡིག་ནོར་གྱི་ལྕགས་སྐུད་ཕྲ་མོ་ཡིས།

ཁྲ་ཆུང་གི་མིག་ཟུངས་ལོང་བར་བྱས

ཕ་སྐད་ཀྱི་ཕུང་པོ་སྙད་པར་བྱས།

ཀ་ཁ་ཡི་ཚེ་སྲོག་ཧྲུལ་བོ་དེ།

དགོང་ཁ་ཡི་ཉི་ཟེར་ལྟ་བུ་གྱུར།

རི་རྩེ་ནས་ནམ་ནུབ་ཆ་མེད་རེད།