ཨམ་སྐད་རླུང་འཕྲིན་ཀྲུང་དབྱང་རླུང་འཕྲིན་དུ་བཏང་བ།

དེ་བཞིན་རྒྱ་ནག་གཞུང་ལྟ་བ་དྲིལ་བསྒྲགས་བྱེད་ཆེད་དུ་《ཀྲུང་དབྱང་མི་དམངས་ཀུན་ཁྱབ་རླུང་འཕྲིན་》 གྱི་བོད་སྐད་རླུང་འཕྲིན་གཏོང་སྟངས་ལ་འགྱུར་བ་ཆེན་པོ་བཏང་ཡོད་པ་སྟེ།  བོད་ལྗོངས་རླུང་འཕྲིན་ལས་ཁུངས་དང་། མཚོ་སྔོན་རླུང་འཕྲིན་ལས་ཁུངས། སི་ཁྲོན་རླུང་འཕྲིན་ལས་ཁུངས་བཅས་ས་གནས་ཁག་གི་རླུང་འཕྲིན་གྱི་ཐོན་ཁུངས་བསྡུ་སྒྲིལ་བྱས་ཏེ་མདོ་དབུས་ཁམས་གསུམ་གྱི་རླུང་འཕྲིན་གཏོང་འགོ་བརྩམས་ཡོད་པ་རེད།

 

《ཀྲུང་གོའི་བོད་ལྗོངས་དྲ་བ་》 ཞེས་པས་གནས་ཚུལ་སྤེལ་བ་ལྟར་ན། མཚོ་སྔོན་གྱི་བོད་རིགས་འདུས་སྡོད་ཁུལ་དང་དེ་བཞིན་ཨ་མདོའི་ཡུལ་སྐད་བེད་སྤྱོད་བྱེད་སའི་ས་ཁུལ་གཞན་གྱི་དཔལ་འབྱོར་དང་། སྤྱི་ཚོགས། རིག་གནས། སློབ་གསོ། སྤྲོ་སྐྱིད་སོགས་ཐད་ཀྱི་གསར་འགྱུར་དང་ཆེད་བསྒྲིགས་ལེ་ཚན་གཏོང་སྤེལ་བྱས་ནས། ས་ཁུལ་དེ་དག་གི་མང་ཚོགས་ལ་ཆ་འཕྲིན་ཞབས་ཞུ་མཁོ་འདོན་བྱ་རྒྱུ་དང་། ཕྱི་རྒྱལ་དུ་ཡོད་པའི་བོད་རིགས་སྤུན་ཟླར་ཕ་ཡུལ་གྱི་འཕོ་འགྱུར་ཤེས་རྟོགས་བྱེད་པའི་སྐར་ཁུང་ཞིག་ཀྱང་གཏོད་རྒྱུ་རེད་ཅེས་དང་།

 

བོད་རིགས་ནི་རང་རྒྱལ་གྱི་གྲངས་ཉུང་མི་རིགས་གལ་ཆེན་ཞིག་ཡིན་ཞིང་། བོད་སྐད་ནི་སྒྲ་གདངས་མཐོ་དམའ་གཞིར་བཟུང་ཨ་མདོ་དང་།    དབུས་གཙང་།    ཁམས་བཅས་ཡུལ་སྐད་གསུམ་དུ་ཕྱེ་ཡོད་ལ། མིག་སྔར་ཨ་མདོའི་སྐད་བཤད་མཁན་ཁྲི་སུམ་བརྒྱ་ཙམ་ཡོད་པ་དེས་རྒྱལ་ཡོངས་ཀྱི་བོད་རིགས་ཡོངས་ཀྱི་ཕྱེད་ཀ་ཡན་ཟིན་ཡོད་པ་རེད་ཅེས་འཁོད་འདུག །