རྒྱ་གར་ཡུལ་མི་སུ་ལ་དཀའ་ངལ་འཕྲད་ཀྱང་རྒྱབ་སྐྱོར་ཡོད།
དེའི་སྐོར་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ལས་བྱེད་རྡོ་རྗེ་ཚེ་བརྟན་ལ་བཅར་འདྲི་བྱས་པར་ཁོང་གིས་བརྗོད་དོན། ང་ཚོའི་དམིགས་ཡུལ་གཙོ་བོ་དེ་རྒྱ་གར་བ་ཚོ་ལ་དཀའ་ངལ་འཕྲད་དུས། ནམ་རྒྱུན་ང་ཚོས་རྒྱ་གར་དང་བོད་པ་འཆམ་མཐུན་དགོས་པ་དང་། རྒྱ་གར་ཡུལ་མི་དང་གཞུང་བཀའ་དྲིན་ཆེན་པོ་ཡིན་པར་གླེང་བ་བཞིན་རྒྱ་གར་ཡུལ་མི་སུ་ལ་དཀའ་ངལ་འཕྲད་ཀྱང་ང་ཚོས་རྒྱབ་སྐྱོར་ཡོད་པའི་རྣམ་པ་མཚོན་བྱེད་ཡིན། དེར་བརྟེན་ཁོ་རང་ཚོའི་ངོས་ནས་དངུལ་མང་ཉུང་ཙམ་མིན་པར་རྒྱབ་སྐྱོར་བྱས་པར་བཀའ་དྲིན་ཆེ་ལབ་ཀྱི་འདུག ང་ཚོས་ཉིན་གཉིས་རིང་མེག་གྷན་རླངས་འཁོར་འབབ་ཚུགས་སུ་ཞལ་འདེབས་བསྡུ་སློང་བྱས་པ་མ་ཟད་། དགོན་པ་དང་ཚོང་ཁང་ཁག་ཏུ་དངོས་སུ་བཅར་ནས་ཞལ་འདེབས་བསྡུས་པས་ཁྱོན་ཧིན་སྒོར་༤༩༥༤༥ བསྡུ་ཐུབ་སོང་ཞེས་འགྲེལ་བརྗོད་བྱས་བྱུང་།།