ཁམས་རྟའུ་རྫོང་དུ་རྩྭ་སར་མེ་ཤོར་ནས་མི་༢༢ གྲོངས་པ།
རྒྱ་ནག་གཞུང་འབྲེལ་གྱིས་གནས་ཚུལ་སྤེལ་བ་ལྟར་ན། རྟའུ་རྫོང་ཤེལ་ཆུ་གྲོང་བརྡལ་རྫི་ལུང་གྲོང་གི་གའུ་ལུང་པར་རྩྭ་ས་ལ་མེ་ཤོར་ནས་མེ་གསོད་ཀྱི་ལས་ལ་བྲེལ་བའི་བཞིན་པའི་སྐབས། ཕྱི་དྲོའི་ཆུ་ཚོད་༣ དང་སྐར་མ་༡༠ ཡས་མས་ཙམ་ལ་གློ་བུར་དུ་རླུང་ཆེན་པོ་ཞིག་ལྡང་ནས་མེ་གསོད་མཁན་གྱི་མི་བཅོ་ལྔ་དང་མང་ཚོགས་ལྔ། ནགས་ལས་ཀྱི་ལས་བྱེད་གཉིས་དང་བཅས་མི་༢༢ རྐྱེན་ལམ་དུ་ཤོར་བ་དང་། དེའི་སྐབས་ཀྱི་རྨས་སྐྱོན་ཆེན་པོ་ཕོག་པའི་མི་གསུམ་དར་རྩེ་མདོའི་སྨན་ཁང་དུ་མྱུར་སྐྱོབ་བྱེད་བཞིན་ཡོད་འདུག
རྟའུ་རྫོང་ཤེལ་ཆུ་གྲོང་བརྡལ་རྫི་ལུང་གྲོང་གི་གའུ་ལུང་པ་ནི། རྟའུ་རྫོང་མཁར་དང་བར་ཐག་སྤྱི་ལེ་དྲུག་ཡས་མས་ཀྱི་སར་ཡོད་པ་ཞིག་ཡིན་འདུག །