བོད་ཀྱི་སྤྱི་སྐད་མཐུན་ཚོགས་གསར་འཛུགས།

བོད་ལྗོངས་ཆ་འཕྲིན་དྲ་བས་ནས་གནས་ཚུལ་སྤེལ་བ་ལྟར་ན། མཐུན་ཚོགས་དེ་ནི་ནུབ་བྱང་མ་ིརིགས་སློབ་གྲྭ་ཆེན་མོའི་བོད་སྐད་ཡིག་རིག་གནས་སློབ་གླིང་གི་སློབ་མ་འགའ་ཞིག་གིས། ད་ལྟའི་བོད་ཆོལ་ཁ་གསུམ་གྱི་སྐད་ཀྱི་གདངས་གཅིག་གྱུར་མིན་པའི་གནས་ཚུལ་ལ་བརྟེན་ནས་བཙུགས་པ་ཡིན་ཞིང་། གསར་དུ་བཙུགས་པའི་མཐུན་ཚོགས་དེར་དགེ་སློབ་རྣམས་ཀྱིས་ཐུགས་ཁུར་དང་རྒྱབ་ སྐྱོར་ཆེན་པོ་ཐོབ་པ་དང་། སྤྱི་སྐད་མཐུན་ཚོགས་ཚུགས་ཉིན་ནས་བཟུང་དངོས་སུ་ཚོགས་མི་བསྡུ་མགོ་བརྩམས་ཡོད་འདུག

མཐུན་ཚོགས་དེས་ཆོལ་ཁ་གསུམ་གྱི་སློབ་གྲོགས་བར་ལ་རང་གི་ཕ་སྐད་ཀྱི་ལམ་ནས་འབྲེལ་འདྲིས་བྱེད་པར་བསྐུལ་བ་སོགས་སྐད་རིགས་གཅིག་གྱུར་ཡོང་བའི་ལས་ལ་འབད་བརྩོན་བྱེད་རྒྱུ་ཡིན་འདུག །