འཇིགས་སྐུལ་རིང་ལུགས་པའི་གཏེ་དཔོན་འཛིན་བཟུང་བྱས་པ།

ཟླ་འདིའི་ཚེས་༡༠ ཉིན་ཨིན་དྷོ་ནི་ཤ་ཡའི་རྒྱལ་ས་ཇཱ་ཀཱར་ཏཱ་ནས་བྷི་བྷི་སིའི་གསར་འགོད་པས་གནས་ཚུལ་སྤེལ་བ་ལྟར་ན། ཨིན་དྷོ་ནི་ཤ་ཡའི་ལུང་པ་ནི་འཛམ་གླིང་ནང་ཁ་ཆེའི་རྒྱལ་ཁབ་མི་འབོར་མང་ཤོས་དེ་ཆགས་ཡོད་པ་དང། ཡུལ་དེའི་ནང་ལོ་མང་པོའི་རིང་ཕྱི་རྒྱལ་གྱི་ཡུལ་སྐོར་སྤྲོ་འཁྱམམ་པ་གཙོ་བོར་གྱུར་པའི་མི་མང་བརྒྱ་ཕྲག་མང་པོ་བསད་ཡོད་པ་དང། དེ་བཞིན་དངུལ་ཁང་ཆེ་ཁག་མང་པོ་བཅོམ་ནས་མི་མང་གི་བདེ་འཇགས་དང་འཚོ་བའི་ཐད་ལ་གྱོང་གུད་ཆེན་པོ་ཕོག་བཞིན་ཡོད་པས། ཨིན་དྷོ་ནི་ཤ་ཡ་གཞུང་གིས་ལོ་མང་རིང་འཇིགས་སྐུལ་རིང་ལུགས་པ་དང་། ཇག་པའི་གཏེ་དཔོན་འཛིན་བཟུང་ཐུབ་ཐབས་སུ་ལས་འགུལ་སྣ་ཚོགས་སྤེལ་ནས། ད་ཐེངས་གཞུང་གིས་དོགས་ཟོན་ཆེ་ཤོས་བྱེད་ས་གཏེ་དཔོན་ཨ་བྷུའུ་ཐོ་ལོ་ཊི་ཞེས་པ་འཛིན་བཟུང་ཐུབ་པ་འདི་ནི། ཆེས་དོགས་ཟོན་བྱེད་སའི་མི་སྣ་ཡིན་པའི་ཁྱབ་བསྒྲགས་བྱས་ཡོད་པ་རེད།

ཨིན་དྷོ་ནི་ཤ་ཡའི་ཉེན་རྟོག་ལས་ཁུངས་ནས། རང་ལོ་༤༩ ལ་སོན་པའི་ཨ་བྷུའུ་ཐོ་ལོ་ཊི་ནི་ཡུལ་འདིའི་ནང་འཇིགས་སྐུལ་རིང་ལུགས་པ་གསར་བསྡུ་བྱེད་མཁན་དང་སྦྱོང་བརྡར་སྤྲོད་མཁན། དཔོན་རིགས་ཁག་ལྐོག་གསོད་གཏོང་མཁན། དྲག་སྤྱོད་པའི་དམག་དཔུང་གི་འགྲོ་གྲོན་ཆེད་དུ་དངུལ་ཁང་བཅོམ་མཁན་གྱི་གཏེ་དཔོན་ཞིག་ཡིན་ཞིང། ཡུལ་དེའི་སྲིད་འཛིན་སཱ་སི་ལོ་ Susilo ལྐོག་གསོད་གཏོང་མཁན་ཡང་འཇིགས་སྐུལ་རིང་ལུགས་པ་འདི་དང་འབྲེལ་བ་ཡོད་པ་དང། ད་ཐེངས་ཨ་བྷུའུ་ཐོ་ལོ་ཊི་དང་ལྷན་དུ་འབྲེལ་ཡོད་དོགས་པ་ཅན་མི་གྲངས་༨༨ འཛིན་བཟུང་བྱས་ཡོད་ཅིང། དེའི་ནང་ནས་ཨ་བྷུའུ་བྷ་ཀར་ཟེར་བ་ཞིག་ཡོད་པ། ལོ་མང་རིང་ཡུལ་དེའི་ཕྱོགས་ལྷུང་རིང་ལུགས་པའི་ཕྱོགས་ཁག་ཅིག་ལ་ཆོས་ཀྱི་འགོ་ཁྲིད་བྱས་ནས་བསྡད་པ་དང།  ལོ་མང་རིང་ཨ་བྷུའུ་ཐོ་ལོ་ཊི་དང་ལྷན་དུ་འབྲེལ་བ་བྱས་ཏེ་དྲག་སྤྱོད་ཀྱི་ལས་འགུལ་སྣ་མང་སྤེལ་ཡོད་པ་རེེད་ཅེས་ཁྱབ་བསྒྲགས་བྱས་ཡོད་པ་རེད།

{jcomments on}