ཞི་བདེའི་གཟེངས་རྟགས་དུས་དྲན།
མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་རྒྱ་གར་གྲོང་ཁྱེར་ཧུབ་ལིའི་ཁྲིམས་ཁང་གི་ཁྲིམས་དཔོན་དང། དེ་བཞིན་ཉིན་འདིར་མོན་གྷོ་གཞིས་ཆགས་ཀྱི་གཞིས་འགོ་དང། བཀའ་ཟུར་བཀྲས་མཐོང་ཚེ་དབང་ཆོས་རྒྱལ་མཆོག། མོན་གྷོ་ས་གནས་ཀྱི་གྲྭ་ཚང་ཁག་གི་མཁན་ལས་ཟུར་རྣམ་པ་དང་ས་གནས་ཀྱི་ལས་སྣེ་རྣམས་བཅས་སེར་སྐྱ་མི་མང་ཕོན་ཆེན་ཕེབས་ཡོད་པ་རེད། དེ་ཡང་ཐོག་མར་༧གོང་ས་མཆོག་གི་སྐུ་པར་མཐོང་གྲོལ་རིན་པོ་ཆེ་དུང་རྒྱ་སྤོས་སྣེའི་སྔོན་བསུས་ཏེ་གདན་ཞུ་དང་མཎྚལ་འདེགས་འབུལ་གྲུབ་རྗེས། ས་འཐུས་ཚོགས་གཙོ་གུ་རུ་རྒྱལ་མཚན་དང་ལས་དྲུང་བསྟན་འཛིན་མཆོག་ལྡན་གཉིས་ཀྱིས་བཀའ་སྤྱི་གཉིས་ཀྱི་གསུང་འཕྲིན་སྒྲོགས་སྦྱང་དང་ལམ་སྟོན་གསུང་བཤད་གནང་སོང་། དེ་ནས་སྐུ་མགྲོན་གཙོ་བོ་རྒྱ་གར་གྱི་ཁྲིམས་དཔོན་གྱིས་༧གོང་ས་མཆོག་གི་མཛད་རྣམ་སྙིང་བསྡུས་ངོ་སྤྲོད་དང། བཀྲས་མཐོང་ཚེ་དབང་ཆོས་རྒྱལ་གྱིས་སེར་སྐྱ་མི་མང་ལ་མོན་གྷོ་གཞིས་ཆགས་ཀྱི་བྱུང་རབས་དང་དེའི་སྐབས་ཀྱི་མྱོང་ཚོར། ཤེས་ཡོན་སློབ་སྦྱོང་གལ་ཆེན་ཡིན་སྐོར་སོགས་གསུངས་སོང། མཇུག་ཏུ་མོན་གྷོ་གཏན་སློབ་གཙོས་སློབ་ཕྲུག་ཚོས་གཞི་སྣ་འཁྲབ་སྟོན་དང་། དེ་བཞིན་ཉིན་འདིར་མོན་གྷོ་ས་གནས་དུ་ཁོར་ཡུག་སྲུང་སྐྱོབ་ཚོགས་པས་ཨམ་སྡོང་སུམ་བརྒྱ་ལྷག་མི་མང་ལ་ཁོར་ཡུག་སྲུང་སྐྱོབ་ཆེད་དུ་རྒྱན་ཤོག་གི་ལམ་ནས་བགོ་འགྲེམས་བྱས་ཡོད་པ་རེད། མོན་གྷོ་གསར་འགོད་པས།