སྲིད་བློན་ཝུན་གྱི་སྐོར་བསྐྱོད་དང་བོད་མིའི་ངོ་རྒོལ།

ཟླ་འདིའི་ཚེས་༡༥ ནས་འགོ་འཛུགས་ཀྱིས་ཉིན་གསུམ་རིང་རྒྱ་ནག་གི་སྲིད་བློན་ཝུན་ཅཱ་པའོ། རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཚོང་དོན་གྱི་ཆེད་དུ་སྐོར་བསྐྱོད་ལ་སླེབས་ཡོད་པ་དང་། སྐབས་དེར་བོད་ཀྱི་གཞོན་ནུའི་ལྷན་ཚོགས་ཀྱིས་འགོ་འཁྲིད་ནས། བོད་མི་༨༠༠ ལྷག་ཙམ་གྱིས་ལྡི་ལིའི་ཁྲོམ་གཞུང་རཱ་ཇི་གྷ་ཊི་ནས་ཇཱན་ཊར་མན་ཊརmanmohan_jiabo1་བར། བོད་ཀྱི་རྒྱལ་དར་དང་འཕྲེད་དར་སོགས་འཁྱེར་ནས་བོད་རང་བཙན་ཡིན་ཞེས་སོགས་བརྗོད་ནས་ངོ་རྒོལ་བྱས་ཡོད་ཅིང་། ཝུན་ཅཱ་པའོ་སྡོད་གནས་མགྲོན་ཁང་ཕྱོགས་སུ་ངོ་རྒོལ་བྱེད་མཁན་དུ་འགྲོ་མཁན་་བོད་མི་བདུན་རྒྱ་གར་ཉེན་རྟོག་པས་བཀག་ཉར་བྱས་ཡོད་པའི་ནང་ནས་བུད་མེད་ཅིག་ཡོད་པ་དང། ད་ལྟའི་སྐབས་ཁོང་རྣམས་བཀག་ཉར་འོག་ཏུ་ཡོད་པ་དང། དེ་མིན་གྱི་ངོ་རྒོལ་བ་ཚོས་སྲིད་བློན་ཝུན་ཅཱ་པའོ་ཡའི་མགྲོན་ཁང་གཡས་གཡོན་དུ་ངོ་རྒོལ་སྐད་འབོད་བྱེད་བཞིན་ཡོད་པ་རེད།

རྒྱ་གར་གཞུང་ཕྱོགས་ནས་ཚོང་ལས་དང་ས་མཚམས་རྩོད་རྙོག་གི་གནད་དོན་གཉིས་ཀྱི་ཐད་ལ་གྲོས་མོལ་བྱས་ཡོད་པ་དང།  དེ་ཡང་རྒྱ་ནག་གཞུང་གིས་རྒྱ་གར་གྱི་ས་ཁུལ་རྗ་མུག་དང་ཀ་ཤི་སྨྲིར་ཕྱོགས་ནས། ད་ལྟའི་བར་སྤྱི་ལེ་གྲུ་བཞི་མ་༤༣༡༨༠ ལྷག་ཙམ་ལ་བཙན་འཛུལ་བྱས་སྐོར་བརྗོད་ཀྱི་ཡོད་པ་དང། རྒྱ་ནག་གཞུང་གིས་རྒྱ་གར་གྱིས་རྒྱ་ནག་གི་ས་ཁུལ་མོན་ཡུལ་ཕྱོགས་ནས་སྤྱི་ལེ་གྲུ་བཞི་མ་༩༠༠༠༠ ཙམ་ལ་བཙན་འཛུལ་བྱས་ཡོད་སྐོར་བརྗོད་ཀྱི་ཡོད་ཀྱང། མོན་ཡུལ་དེ་རྒྱ་གར་གྱི་ཆ་ཤས་རྩོད་མེད་ཡིན་ཞེས་རྒྱ་གར་གྱི་བརྒྱུད་ལམ་ཁག་ནས་ཁྱབ་བསྒྲགས་བྱེད་བཞིན་ཡོད་པ་རེད།
teswanrigzinབཀའ་ཁྲི་མཁས་དབང་ཟམ་གདོང་རིན་པོ་ཆེས་བརྒྱུད་ལམ་ཁག་ཏུ་བརྗོད་དོན། དོན་དངོས་ཐོག་རྒྱ་དཀར་ནག་གཉིས་ས་མཚམས་འཁེལ་གྱི་མེད་པ་དང། རྒྱ་དཀར་ནག་གཉིས་ཀྱི་ས་མཚམས་སུ་བོད་ཡོད་པས། ས་ཁུལ་དེ་དག་ལ་ཞི་བདེའི་རེ་བ་བྱེད་པ་ལ་བོད་ཀྱི་གནད་དོན་ལ་ཐུག་ཡོད་པ་རེད། རྒྱ་གར་གྱི་ས་ཁུལ་རྗ་མུག་ཕྱོགས་ནས་རྒྱ་ནག་གིས་རྒྱ་བསྐྱེད་བཏང་ནས་རྒྱ་གར་གྱི་གྲོངས་བརྡལ་ཕྱོགས་སུ་མེ་སྒྱོགས་འཛུགས་ཐབས་དང།  བལ་ཡུལ་ཕྱོགས་ནས་རྒྱ་ནག་གིས་མེ་འཁོར་ལྕགས་ལམ་འབྲེལ་མཐུད་ཀྱིས། རྒྱ་གར་གྱི་ས་ཁུལ་འབྲས་ལྗོངས་ཕྱོགས་སུ་འཇིགས་སྐུལ་བྱེད་ཀྱི་ཡོད་པ་བཞིན། རྒྱ་གར་གྱི་བདེ་འཇགས་ལ་ཕྱོགས་གང་ས་ནས་རྒྱ་གཞུང་གིས་འཇིིགས་སྐུལ་བྱེད་བཞིན་ཡོད་པ་རེད། གང་ལྟར་ཀྱང་བཙན་བྱོལ་བོད་གཞུང་གི་ངོས་ནས། རྒྱ་དཀར་ནག་གཉིས་ཀྱི་འབྲེལ་ལམ་སྲ་བརྟན་ཡོང་རྒྱུར་རེ་བ་བྱེད་ཀྱི་ཡོད་ཅེས་གསུངས་ཡོད་པ་རེད།

image2ཉེ་དུས་ཨ་རི་དང་ཧྤ་རན་སིའི་སྲིད་འཛིན་གཉིས་རྒྱ་གར་དུ་ཚོང་ལས་ཀྱི་ཆེད་དུ་ཕེབས་མ་ཐག་ཡིན་པ་དང། ད་ཐེངས་རྒྱ་ནག་གི་སྲིད་བློན་ཝུན་ཅཱ་པའོོ་དང་ལྷན་དུ་རྒྱ་ནག་གི་ཚོང་ལས་སྡེ་ཁག་གི་འཐུས་མི་༤༠༠ ཙམ་སླེབས་ཡོད་པ་དེ་ནི། ཨ་རི་དང་ཧྤ་རན་སིའི་གཉིས་ལས་ལྡབ་འགྱུར་མང་བ་དང་ཚོང་ལས་ཀྱི་མ་རྩ་ཡང་དེ་ལས་མང་བ་འཇོག་རྒྱུ་ཡིན་སྐོར་བརྗོད་ཡོད་པ་དང། ད་ཐེངས་རྒྱ་དཀར་ནག་གཉིས་ཀྱིས་ཚོང་ལས་མ་རྩ་ཨ་སྒོར་དུང་ཕྱུར་༦༠ ཙམ་བཞག་ཡོད་ཅིང། ལོ་སྔོན་མ་དང་བསྡུར་ན་ཨ་སྒོར་དུང་ཕྱུར་མང་པོའི་མ་རྩ་མང་དུ་སོང་ཡོད་པ་རེད། རྒྱ་ནག་གི་སྲིད་བློན་ཝུན་ཅཱ་པའོ་རྒྱ་གར་དུ་སྐོར་བསྐྱོད་གྲུབ་རྗེས་པཱ་ཀི་སི་ཐན་དུ་སྐོར་བསྐྱོད་བྱེད་རྒྱུ་ཡིན་པ་རེད།

{jcomments on}