ཝུན་ལ་ངོ་རྒོལ་བྱེད་མཁན་གྱི་བོད་མི་བཀག་ཉར།
དེའི་ནང་བུད་མེད་༨ ཡོད་པའི་གཅིག་ཉེ་དུས་དབུགས་བསགས་ན་ཚ་སྨན་བཅོས་བྱས་མ་ཐག་ཡིན་པ་དང་། ད་ལྟའི་སྐབས་ཁོང་ཉེན་རྟོག་ལས་ཁུངས་གང་གི་ནང་བཀག་ཉར་བྱས་ཡོད་མེད་ཤེས་རྟོགས་བྱུང་མེད་པས། ནད་གཞི་དེའི་གནས་སྟངས་ཉེན་ཁ་ཅན་ཞིག་ཆགས་ཡོད་ཚོད་འདུག
ད་ཐེངས་སྔོན་དུས་ཀྱི་ངོ་རྒོལ་སོགས་ཀྱི་སྐབས་དང་མི་འདྲ་བ་ཉེན་རྟོག་པས་ངོ་རྒོལ་བར་རྡུང་རྡེག་བཏང་ཡོད་པ་དང། ངོ་རྒོལ་བ་ས་གནས་གང་ས་འཐོར་ནས་ཁང་པའི་གསེབ་དང། གཡས་གཡོན་སྣ་ཚོགས་ནས་སྐད་འབོད་བརྒྱབ་ཏེ། རྒྱལ་དར་འཕྱར་བ་དང། བོད་དོན་དང་འབྲེལ་བའི་ཡིག་ཆ་བཀྲམ་པ་སོགས་ཀྱིས་ངོ་རྒོལ་བྱེད་བཞིན་ཡོད་པ་རེད།
རྒྱ་ནག་གི་སྲིད་བློན་རྒྱ་གར་དུ་ཡོང་སྟེ། དེ་རིང་ཉིན་གཉིས་པ་དེ་ཡིན་པ་དང་། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་གཙོས་བོད་མི་མང་པོས་ཝུན་ལ་ངོ་རྒོལ་རྒྱུན་མཐུད་དེ་བྱེད་ཀྱི་ཡོད་པ་རེད།།
{jcomments on}