ཆོས་བརྡ་གསལ་བསྒྲགས།
༄༅།། རིས་མེད་བསྟན་པའི་གསལ་བྱེད་འདུལ་འཛིན་མཁས་གྲུབ་གཉིས་ལྡན་༸ཆོས་རྗེ་དམ་པ་མཁན་ཆེན་འཇིགས་མེད་ཕུན་ཚོགས་འབྱུང་གནས་དཔལ་བཟང་པོ་མཆོག་གི་བཀའ་དྲིན་རྗེས་དྲན་གྱི་འདས་མཆོད་སྨོན་ལམ་སྐབས་བརྒྱད་པ། བོད་རབ་གནས་ལྕགས་སྟག་ལོའི་ཟླ་བཅུ་པ་ཕྱི་མའི་ཚེས་༢༥ ཕྱི་ལོ་༢༠༡༡ ལོའི་ཟླ་༡ ཚེས་༢༨ ནས་བཟུང་ཉིན་གསུམ་གྱི་རིང་གནས་མཆོག་རྡོ་རྗེ་གདན་དུ་འཚོག་གཏན་ཁེལ་ཞིང་། འདས་མཆོད་གོ་སྒྲིག་ཚོགས་ཆུང་ནས་སྐུ་ཡོན་དང་། བཞེས་ལག་གི་དོད་སོགས་ཞབས་ཏོག་བསྙེན་བཀུར་གང་ནུས་ཞུ་འཆར་ལགས་ན། རིས་མེད་གྲྭ་བཙུན་གང་མང་ཕེབས་རྒྱུའི་གསོལ་འདེབས་དང་། བྱེ་བྲག་བླ་མ་རུང་གི་སློབ་རྒྱུད་རྣམས་སྔ་ཙམ་ནས་ངེས་ཕེབས་ཡོང་བའི་གསལ་བསྒྲགས་སུ།
འདས་མཆོད་གོ་སྒྲིག་ཚོགས་ཆུང་ནས།