རྒྱ་ནག་དང་བོད་དབར་གྱི་གནད་དོན་ལ་བསྐྱར་ཞིབ།

རྒྱ་གར་གྱི་ཤེས་ཡོན་ཅན་གང་མང་ཞིག་ཕེབས་ཡོད་པའི་ནང་ནས་རྒྱ་གར་བ་ཝི་ཅེ་ཀ་རན་ཏི་ལགས་ཀྱིས་གསུང་དོན། རྒྱ་གར་གཞུང་གི་ངོས་ནས་ངེས་པར་དུ་རྒྱ་བོད་ཀྱི་གནད་དོན་ལ་དགོངས་པ་བཞེས་དགོས་པ་དང་དོ་སྣང་བྱེད་དགོས་པས་སྐུལ་མ་བཏང་བ་དང། རྒྱ་ནག་དང་བོད་ཀྱི་གནད་དོན་ནི་ལུང་པ་དེ་གཉིས་དང་བོད་གཅིག་པུའི་ཁེ་ཕན་ཁོ་ནའི་གནས་ཚུལ་མ་ཡིན་པར། དེ་ནི་རྒྱ་གར་གྱི་བདེ་སྲུང་ལ་ཡང་རག་ལས་ཡོད་པའི་གནས་ཚུལ་ཞིག་ཡིན་སྐོར་གསུངས་འདུག།།
བསྟན་འཛིན་ཆོས་རབ་ཀྱིས་བསྡུ་སྒྲིག་བྱས།