ར་ཤི་ཡའི་སྲིད་འཛིན་གྱིས་རྒྱ་གར་དུ་ཕེབས་འཆར།

ཟླ་འདིའི་ཚེས་༡༧ ཉིན་ར་ཤི་ཡའི་སྐུ་ཚབ་(Alexender M Kadakim)གྱིས་ར་ཤི་ཡའི་སྲིད་འཛིན་གྱིས་རྒྱ་གར་གི་སྲིད་བློན་མཱན་མོ་ཧན་སི་དང་མཇལ་འཕྲད་སྐབས། ཕྱོགས་ཕན་ཚན་གི་གནད་དོན་གླེང་བ་དང་མཉམ་དུ་པ་ཀི་སི་ཐན་དང་ཨབ་གྷ་ནི་སི་ཐན་གྱི་སྲིད་འཛིན་ས་ཁུལ་གི་གནས་ཚུལ་སྣང་མེད་དུ་མ་བཞག་པར་གླེང་དགོས་པའི་རེ་སྐུལ་གནང་ཡོད་འདུག། ། བསྟན་འཛིན་ཆོས་རབ་ཀྱིས་བསྡུ་སྒྲིག་བྱས།