《ལམ་》 ཞེས་པའི་གློག་བརྙན་ལ་བྱ་དགའ་ཐོབ་པ།
མཆོད་མེ་རྩོམ་རིག་དྲ་བས་གནས་ཚུལ་སྤེལ་བ་ལྟར་ན། ཟླ་འདིའི་ཚེས་༣ ཉིན་གྱི་ཕྱི་དྲོའི་ཆུ་ཚོད་དྲུག་སྟེང་ཧུའུ་པེ་ཞིང་ཆེན་ཝུའུ་ཧན་སློབ་ཆེན་གྱི་རིག་གཞུང་སྙན་ཞུ་ཁང་དུ་བྱ་དགའ་སྤྲོད་པའི་མཛད་སྒོ་འཚོགས་ཡོད་པ་དང་། འཁྲབ་ཁྲིད་པ་བསྟན་འཛིན་ཉི་མ་དང་འཁྲབ་སྟོན་པ་གཙོ་བོ་བདུད་འདུལ་སྐྱབས་གཉིས་ཆེད་དུ་ཝུའུ་ཧན་གྲོང་ཁྱེར་དུ་བྱ་དགའི་རྟགས་མ་ལེན་དུ་སོང་བ་མ་ཟད། ཝུའུ་ཧན་བརྙན་འཕྲིན་ལས་ཁུངས་དང་དྲ་བ་ཁག་གི་གསར་འགོད་པའི་བཅར་འདྲི་དང་ལེན་བྱས་ནས། མ་འོངས་པར་མུ་མཐུད་བོད་སྐད་ཀྱི་གློག་བརྙན་མང་པོ་ཕབ་སྐྲུན་བྱེད་རྒྱུའི་བསམ་ཚུལ་ཡོད་སྐོར་འགྲེལ་བརྗོད་བྱས་ཡོད་པ་རེད།
ཐེངས་འདིའི་འགྲན་བསྡུར་ལ་རྒྱ་ནག་ནང་ཁུལ་གྱི་སློབ་ཆེན་སློབ་མའི་གློག་བརྙན་བརྩམས་ཆོས་མང་པོ་ཡོད་པ་མ་ཟད། ཧྥ་རན་སི་དང་ཀོ་རི་ཡ་རྒྱལ་ཁབ་ཀྱི་སློབ་ཆེན་སློབ་མའི་གློག་བརྙན་བརྩམས་ཆོས་ཀྱང་ཡོད་པ་རེད།།
{jcomments on}