ཚངས་དབྱངས་རྒྱ་མཚོའི་མགུར་གླུ་རྒྱ་ཡིག་ཏུ་བསྒྱུར་བ།

རྒྱ་འགྱུར་མ་དེའི་ནང་དུ་ཚངས་དབྱངས་རྒྱ་མཚོའི་སྙན་ངག་༡༢༤ ཡོད་ཅིང་། པེ་ཅིང་དུ་ཡོད་པའི་ཟླ་བཅུ་པའི་རིག་རྩལ་དཔེ་སྐྲུན་ཁང་གིས་པར་བསྐྲུན་བྱས་ཡོད་པ་རེད། སྒྱུར་བ་པོས་ངོ་སྤྲོད་བྱས་པ་ལྟར་ན། ད་ཐེངས་ཀྱི་《ཚངས་དབྱངས་རྒྱ་མཚོའི་མགུར་གླུ་ཕྱོགས་བསྒྲིགས》 དེ་སྔོན་གྱི་རྒྱ་འགྱུར་མ་རྙིང་པ་དང་བསྡུར་ན་མི་འདྲ་བའི་ཆ་མང་པོ་ཡོད། བོད་ཡིག་གི་ཐོག་མའི་མ་ཡིག་དང་ཇི་མ་ཇི་བཞིན་དུ་བསྟུན་ཞིང་། ཐ་ན་མ་ཡིག་གི་ཚིག་ཕྲད་ཇི་ལྟ་བ་བཞིན་བསྒྱུར་ཡོད་ཅེས་འགྲེལ་བརྗོད་བྱས་འདུག

ད་དུང་སྔོན་ཆད་མི་རྣམས་ཀྱི་བསམ་པའི་ནང་དུ་ཚངས་དབྱངས་རྒྱ་མཚོའི་མགུར་གླུ་ནི་ཕོ་མོའི་བརྩེ་དུང་གི་སྙན་ངག་ཙམ་ཞིག་ཡིན་པའི་བསམ་ཚུལ་ཡལ་བར་འདོར་བ་དང་། ཁོང་གི་མགུར་གླུ་ནི་ང་ཚོ་གང་ཟག་ཕལ་བ་རྣམས་ཀྱི་མིག་ནང་གི་ཕོ་མོའི་བརྩེ་དུང་མ་ཡིན་པར་དམིགས་བསལ་གྱི་ལོ་རྒྱུས་དུས་སྐབས་དེའི་སྤྱི་ཚོགས་དང་ཆབ་སྲིད་རྒྱབ་ལྗོངས་སུ་བྱས་པའི་རང་སྒེར་གྱི་དགའ་སྐྱོ་ཆགས་སྡང་མཚོན་པའི་བརྩམས་ཆོས་ཤིག་ཡིན་པར་བརྗོད་ཀྱི་ཡོད་འདུག །

{jcomments on}