དགའ་ལྡན་ཁྲི་པར་བརྟན་བཞུགས།

gaden teba1_24-12-2010-aདགའ་ལྡན་ཁྲི་རིན་པོ་ཆེ་མཆོག་གིས་འདི་ཟླའི་ཚེས་ ༡༥ ནས་ཆོས་སྡེ་བཀྲ་ཤིས་ལྷིན་པོར། དོན་གཉེར་ཅན་གྱི་དགེ་འདུན་འདུས་མང་ལ་དངུལ་ཆུ་ངག་དབང་རྡོ་རྗེ་མཆོག་དང་། རྗེ་དབེན་ས་པ་བློ་བཟང་དོན་གྲུབ་མཆོག་བཅས་ཀྱི་གསུང་འབུམ་ལྗགས་ལུང་གནང་བཞིན་ཡོད་འདུག དེ་ཡང་ཕྱི་ལོ་༢༠༠༨ ལོ་ནས་དགའ་ལྡན་ཕ་ཆོས་བུ་ཆོས་གཅེས་སྐྱོང་ཁང་དང་། ཆོས་སྡེ་ཆེན་པོ་བཀྲ་ཤིས་ལྷུན་པོ་ཟུང་འབྲེལ་གྱིས་གདན་ཞུ་བྱས་ནས་དངུལ་ཆུ་ཡབ་སྲས་གསུམ་དང་། རྗེ་དབེན་ས་པ་བློ་བཟང་དོན་གྲུབ་མཆོག་བཅས་ཀྱི་གསུང་འབུམ་ལྗགས་ལུང་གནང་བཞིན་པ་དེ། ད་ལོ་མཇུག་གྲུབ་པ་བྱེད་རྒྱུ་ཡིན་པ་རེད་འདུག  མེ་སོར་གསར་འགོད་པས།