གེ་སར་སྒྱུ་རྩལ་པའི་གཞིས་ཁྱིམ།
ངོ་སྤྲོད་བྱས་པ་ལྟར་ན། “སྒྱུ་རྩལ་པའི་ཁྱིམ་གཞིས”ཀྱིས་གེ་སར་སྒྱུ་རྩལ་པར་བསམ་བློ་བརྗེ་རེས་དང་། གླེང་མོལ་བྱེད་ས་ཞིག་བསྐྲུན་པ་དང་། དེ་ནི་《གེ་སར》རྒྱུ་ ཆ་ལྟེ་གནས་དང་། སྲུང་སྐྱོབ་ལྟེ་གནས། བརྗེ་རེས་ལྟེ་གནས། འགྲེམ་སྟོན་ལྟེ་གནས་བཅས་ཡིན་ལ། གེ་སར་རིག་གནས་ཞིབ་འཇུག་དང་། སྲུང་སྐྱོབ། རྒྱུད་འཛིན། གོང་འཕེལ་དུ་གཏོང་བ་བཅས་ཀྱི་ཆེད་དུ་ཡིན་སྐོར་བརྗོད་ཡོད་པ་རེད། དེ་བཞིན་རྒྱལ་ཡོངས་གེ་སར་ལས་དོན་ཁང་གིས་“སྒྱུ་རྩལ་པའི་གཞིས་ཁྱིམ”ལ་བརྟེན་ནས་གེ་སར་སྒྱུ་རྩལ་པ་ཞིབ་བཤེར་བྱེད་པའི་ཚོགས་ཆུང་བཙུགས་ཏེ། ཡུལ་དེ་གའི་སྒྱུ་རྩལ་པ་རྣམས་ལ་ཞིབ་བཤེར་གྱིས་གེ་སར་རིག་གནས་ཀྱི་གློག་རྡུལ་བང་མཛོད་ཅིག་བསྐྲུན་པའི་འཆར་གཞི་ཡང་ཡོད་འདུག །
{jcomments on}