བཀའ་ཁྲིའི་འོས་མི་གསུམ།

བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་དང། བློ་བཟང་སེང་གེ་གཉིས་ཀྱིས་མ་འོངས་པའི་ལས་དོན་བྱེད་ཕྱོགས་སྐོར་ལ་མང་ཚོགས་ནང་བགྲོ་གླེང་ཆེད་བོད་མི་གནས་སྡོད་བྱེད་སའི་ས་གནས་གང་སར་ཕེབས་འཆར་ཡོད་པ་དང། བཀྲ་ཤིས་དབང་འདུས་ལགས་དོན་གཅོད་ཀྱི་ལས་གནས་དགོངས་པ་ཞུས་ཟིན་ན། བོད་མི་གནས་སྡོད་བྱེད་ས་ཁག་ཏུ་བསྐོར་བསྐྱོད་བྱེད་རྒྱུར་དུས་ཚོད་ཀྱིས་ལྕོག་གི་མི་འདུག་ཅེས་འགྲེལ་བརྗོད་གནང་ཡོད་པ་རེད།།