བོད་ཀྱི་ཕོ་གསར་མོ་གསར་འགྲན་སྡུར།

ཨ་རིའི་གྲོང་ཁྱེར་ནིའུ་ཡོག་དང་ནིའུ་ཇར་སིའི་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་གོ་སྒྲིག་འོག ཕྱི་ལོ་༢༠༡༡ ལོའི་ཕྱི་ལུགས་ཀྱི་ལོ་གསར་དང་འབྲེལ་ནས། ཟླ་འདིའི་ཚེས་༣༡ ཉིན་གྱི་དགོང་དྲོ་བྱང་ཨ་རིའི་བོད་ཀྱི་ཕོ་གསར་དང་བོད་ཀྱི་མཛེས་མ་འདེམས་རྒྱུའི་བྱེད་སྒོ་སྤེལ་རྒྱུ་ཡིན་པ་རེད། འགྲན་སྡུར་ཁྲོད་ལོ་༡༨ ཡན་གྱི་བུ་བཅུ་དང་བུ་མོ་བཅུ་དང་ལེན་བྱེད་རྒྱུ་དང་། འགྲན་སྡུར་གྱི་རྣམ་གྲངས་ནི། དྲི་བ་དྲི་ལན་དང་། བོད་ཆས་གྱོན་རྒྱུ་སོགས་ཡོད་འདུག

ཨང་དང་པོ་ཐོབ་མཁན་གྱི་བུ་དང་བུ་མོ་གཉིས་ལ་ཤོང་ཚད་GB32 ཡོད་པའི་གཞས་ཉན་བྱེད་འཕྲུལ་ཆས་(Ipad) རེ་དང་། ཨང་གཉིས་པ་ཐོབ་མཁན་གཉིས་ལ་ཤོང་ཚད་GB 16 ཡོད་པའི་གཞས་ཉན་བྱེད་འཕྲུལ་ཆས་(Ipad) རེ་བྱ་དགའ་སྤྲོད་རྒྱུ་ཡིན་པ་རེད། དེ་བཞིན་དེའི་དགོང་མོར་དགོང་ཟས་དང་དེང་རབས་འཁྲབ་གཞས་སོགས་སྣ་ཚོགས་གོ་སྒྲིག་བྱས་ཡོད་འདུག །